ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པའི་ལས་དོན་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ཤུགས་སྣོན་པའི་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧྥ་སེན་གྱིས་གསུང་བཤད་གནང་ཞིང་། ཞིང་ཆེན་གྱི་མགོ་ཁྲིད་ལི་ཧུང་ཡ་ཡིས་མགོ་འཛིན་གནང་། ཀྲང་ཙེ་ཅུན་དང་ཁྲ་ཆིང་ཅིའུ་མཛད་སྒོར་ཞུགས་པ་རེད། 

ཚོགས་འདུའི་ཐོག་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་བསམ་བློ་དེ་འགལ་བ་དང་རྩོད་གཞི་སྔོན་འགོག་དང་འདུམ་འགྲིག་བྱེད་པའི་ཁྲོད་དངོས་སུ་སྤྱད་པ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་བློ་མཐུན་མའོ་ཙེ་ཏུང་གི་མཆན་བཀོད་མཛུབ་སྟོན་གྱིས“ཧྥེང་ཆའོ་ཉམས་མྱོང”ལ་སློབ་སྦྱོང་དང་ཁྱབ་གདལ་བཏང་ནས་ལོ60འཁོར་བར་དྲན་གསོ་ཞུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཧྥེང་ཆའོ་ཉམས་མྱོང”འཕེལ་རྒྱས་བཏང་ནས་ལོ20འཁོར་བའི་ཚོགས་ཆེན་གྱི་དགོངས་དོན་རྒྱུན་འཁྱོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་སེལ་རྒྱུའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན། 

ཚོགས་འདུའི་ཐོག་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་གྱིས“གཅིག་ཅན་བཅུ”བསྐྲུན་རྒྱུའི་བླང་བྱ་སྣེ་ཁྲིད་དུ་བྱེད་པ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཚོ་སྔོན་གྱི་ལག་ལེན་གསར་པ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ།འགལ་ཟླ་དང་རྩོད་གཞིའི་འབྱུང་རྩ་ནས་སྔོན་འགོག་དང་། འགལ་བ་དང་རྩོད་གཞི་སྣ་མང་སེལ་བ། འགལ་ཟླ་དང་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་དང་འགལ་རྩོད་ཐག་གཅོད་ཀྱི་ལས་སྟེགས་བསྐྲུན་པ་གཙོ་བོར་འཛིན་པ། འགལ་རྩོད་ཐག་གཅོད་ཀྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་ཏེ།“ཐོག་མར་སྔོན་འགོག་བྱེད་པ་དང་། སྔོན་ལ་འདུམ་འགྲིག་བྱེད་པ། ཁྲིམས་ལྟར་ཐག་གཅོད་པ། འཕྲལ་དུ་ཐག་གཅོད་པ”བཅས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་རིང་ཚོགས་ཞུགས་མི་སྣ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་ཀའི་བྱེད་ཐབས”ནང་བདམས་པའི་གསེར་ཐང་ཞང་གི་འགལ་ཟླ་དང་རྩོད་གཞིཐག་གཅོད་བྱེད་ཐབས་སྟེཆུང་གྲས་དྲུག”ལ་ལྟ་སྦྱོང་བྱས་པ་རེད།  །

 
རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།