ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་སྦགས་བཙོག་འགོག་བཅོས་ལས་དོན་ཐད་གྲུབ་འབྲས་མངོན་གསལ་བླངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས30ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི“དུས་རབས་གསར་པ། མཚོ་སྔོན་གསར་པ། བཞུད་ལམ་གསར་པ”ཞེས་པའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གནམ་སྔོན་པོ་དང་། ཆུ་དྭངས་མོ།   དག་ཞིང་ཡུལ་ཁམས་ཀྱི་སྲུང་སྐྱོང་ལས་དོན་ལ་གཞིར་བཟུང་ཞིང་།  གཙོ་གནད་ཁྱབ་ཁོངས་དང་།དམིགས་ཚད་གཙོ་བོ། འགག་རྩའི་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་ཏེ་གནད་འཁེལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་པས་ཞིང་ཆེན་ཡོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལས་དོན་ལ་མངོན་གསལ་དོད་པའི་གྲུབ་འབྲས་བླངས།  ཟླ1པོ་ནས་ཟླ10པའི་བར། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་མོའི་བསྡུར་གྲངས་ནི96.2%ཡིན་པ་དང་།   ས་རྒྱུ་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུན་ངང་བཟང་།  

 དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ལས་དོན་ལེགས་པོར་བསྒྲུབས། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྦགས་བཙོག་ཆེ་བའི་གནམ་གཤིས་གཙང་སེལ་དང་། དྲི་ངན་སྦགས་བཙོག་འགོག་བཅོས། ཁྲའེ་སྣུམ་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་གི་མཁྲེགས་གཏོར་ལས་དོན་ལེགས་པོར་སྒྲུབ་པ་དང་།  སྦགས་བཙོག་དངོས་པོ་མང་པོར་མཉམ་དུ་ཚོད་འཛིན་བྱེད་ཚད་ལ་ཤུགས་བསྣན་པ།  ཐལ་རྡུལ་འགོག་པ་དང་། རྡོ་སོལ་ཇེ་ཉུང་དུ་གཏོང་བ། རླངས་འཁོར་ཚོད་འཛིན་བྱེད་པ། ཁེ་ལས་བཅོས་སྐྱོང་བཅས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ།  མཁའ་དབུགས་ཀྱི་སྤུས་ཚད་རྒྱུན་མཐུད་གཏན་འཇགས་ངང་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་།  ཟླ10པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་སུ་རྡོ་སོལ་ཁྲོ་ཐབ་བསྡོམས་པས144རྩ་མེད་དུ་བཏང་པ་དང་།  འབར་རླངས་ཁྲོ་ཐབ205ལེགས་བསྒྱུར་བྱས་ཏེ་སྦགས་བཙོག་དང་ཐར་ཐོར་གྱི་རྣམ་པ་མི་ལེགས་པར་མཐའ་གཅིག་ཏུ་བཀག་འགོག་བྱས།    ཟླ1པོ་ནས་ཟླ10པའི་བར། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་མོའི་བསྡུར་གྲངས96.2%རེད། 

དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ལས་དོན་རྒྱུན་མཐུད་ངང་ལེགས་པོར་བསྒྲུབས།  གཙོ་གནད་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་དང་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་གི་མཁྲེགས་གཏོར་ལས་དོན། འབྲི་ཆུ་སྲུང་སྐྱོང་དང་ཉམས་གསོའི་མཁྲེགས་གཏོར་ལས་དོན་ཇུས་གཞི་པར་འགྲེམ་བྱས་ཏེ། འབབ་རྒྱུད་གཙོ་བོའི་སྲུང་སྐྱོང་དང་ཉམས་གསོའི་འགག་སྒྲོལ་ལས་ཀར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། “མིན་པ་བཞི་དང་དྲང་མོ་གཉིས”ཀྱི་བྱེད་ཐབས་སྤྱད་ནས་ལྐོག་ཞིབ་ལྟ་ཞིབ་དང་ས་ཁོངས་གཙོ་བོར་དུས་ཆེན་སྐབས་སུ་ཉིན་མཚན་གཉིས་ཀར་ཞིབ་བཤེར་བྱས་ཏེ།  འབབ་རྒྱུད་གཙོ་བོའི་ཆུ་བོའི(མཚེའུ)བཙོག་འབུད་བྱེད་སའི་གྲལ་བཤེར་ལས་དོན་ཁྱོན་ཡོངས་ནས་ལེགས་པོར་བསྒྲུབས།  གནད་དོན་དག་ཐེར་ཡོ་བསྲང་དང་ཆུ་སྤུས་ལེགས་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་པ་དང་། རྒྱུན་མཐུད་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གྲལ་བཤེར་དང་བཅོས་སྐྱོང་བྱེད་པ།   རྨ་ཆུའི་གཞུང་རྒྱུན་དང་། འབྲི་ཆུ། རྫ་ཆུ་བཅས་ཞིང་ཆེན་ཕྱིར་རུ་བཞུར་བའི་བཞུར་མཚམས་ཀྱི་ཆུ་སྤུས་རིམ་པⅡཅན་ཡན་ཡིན་ཞིང་།  ཙོང་ཆུ་ཞིང་ཆེན་ཕྱིར་རུ་བཞུར་བའི་བཞུར་མཚམས་ཀྱི་ཆུ་སྤུས་བཟང་ཚད་ཆ་སྙོམས་ངང་རིམ་པརེད། 

 དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ལས་དོན་ནན་ཏན་ངང་བསྒྲུབས།  ཞིང་སར་བཙོག་ཆུ་ཕྱིར་འབུད་བྱེད་པའི་སྔོན་འགོག་ཚོད་འཛིན་ལ་ཤུགས་བསྣན་པ་དང་།  འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆར་སྦགས་བཙོག་བྱེད་པའི་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། འཛུགས་སྐྲུན་ཐད་སྤྱོད་པའི་ས་རྒྱུའི་སྦགས་བཙོག་གི་ཉེན་ཁ་དོ་དམ་ཚོད་འཛིན་དང་ཉམས་གསོའི་མིང་ཐོ་བཟོས་བ་མ་ཟད་འགུལ་རྣམ་དོ་དམ་བྱས།  གཙོ་གནད་ལྟ་སྐུལ་དོ་དམ་གྱི་ལས་ཁུངས112ཀྱི་ས་རྒྱུའི་རྐྱེན་ངན་གྲལ་བཤེར་བྱས།   ས་འོག་ཆུའི་ཁོར་ཡུག་གི་གནས་ཚུལ་ལ་བརྟག་དཔྱད་དང་དཔྱད་དཔོག་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་།  ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་གྲོང་ཁྱེར་གྱི་བེད་མེད་དངོས་པོར་བདག་སྐྱོང་བྱས།  སྦགས་བཙོག་གསར་བའི་དངོས་པོའི་བཅོས་སྐྱོང་གི་མཐུན་སྦྱོར་སྒྲིག་སྲོལ་བཙུགས་ཏེ་མཐུན་སྦྱོར་དོ་དམ་ལ་ཤུགས་བསྣན།  ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུན་ངང་ལེགས་པོོར་གནས།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།