ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་བདུན་པ་ཟི་ལིང་དུ་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱེད་པ། དུས་རབས་གསར་པའི་བུད་མེད་དང་བྱིས་པའི་ལས་དོན་གྱི་གོ་གནས་ནུས་པ་དང་དུས་རབས་ཀྱི་བརྗོད་དོན། རྩ་དོན་བླང་བྱ། འགན་འཁྲི་བཅས་བྱང་ཆུད་པ། བློ་གཅིག་སེམས་གཅིག་གིས་འབད་བརྩོན་དང་སྟོབས་ཤུགས་ཡོད་རྒུས་དོན་དངོས་བྱ་བ་བསྒྲུབས་ཏེ་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་ཞིག་རྒྱུན་ཆེད་མེད་པར་བསྐྲུན་དགོས་ཞེས་ནན་གྱིས་བསྟན། 

ཝུའུ་ཞའོ་ཅུན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་དོན་འཁྱོལ་བྱས་ནས་བུད་མེད་དང་བྱིས་པའི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁྲོད་བཞག་སྟེ་ཁྱོན་ཡོངས་ནས་སྤྱི་འདོམས་འཆར་འགོད་བྱས་པ་དང་། གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་པས། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཐུབ་པར་གྱུར་པ་དང་། བྱིས་པ་སྔོན་ཚུད་དང་དམིགས་བསལ་ཡིན་པའི་རྩ་དོན་ནུས་ལྡན་ངང་ལག་བསྟར་བྱེད་ཐུབ་པ། བུད་མེད་དང་བྱིས་པའི་སློབ་གསོའི་ཐོབ་དབང་ལ་འགན་སྲུང་ཐོབ་པ། བདེ་ཐང་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་པ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གྱུར། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅེས་བསྟན།  

ཝུའུ་ཞའོ་ཅུན་གྱིས་བཞུད་ལམ་གསར་པའི་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བུད་མེད་དང་བྱིས་པའི་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་གཉིས་ལ་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་སྐུལ་འདེད། མཉམ་དུ་ལག་བསྟར་བྱས་ནས་བུད་མེད་དང་བྱིས་པའི་ཁེ་དབང་ལ་ཧུར་ཐག་གིས་འགན་སྲུང་བྱེད་ཐུབ་ཅིང་། མི་ཚེ་ལ་མཚར་སྡུག་དོན་སྙིང་ལྡན་དུ་འཇུག་པ། འཚོ་བར་སྔར་བས་བདེ་སྐྱིད་ལྡན་དུ་འཇུག་དགོས། རྒྱ་ཆེའི་བུད་མེད་རྣམས་ཀྱིས་བྱས་རྗེས་འཇོག་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། བུད་མེད་ཀྱིས་བྱས་རྗེས་འཇོག་པའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་ངང་སྤེལ་བ། བུད་མེད་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ། བུད་མེད་ཀྱི་བདེ་ཐང་འགན་སྲུང་ལ་ཤུགས་སྣོན་པ། བུད་མེད་རྣམས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་དོ་དམ་ནང་ཞུགས་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།  བྱིས་པ་སྔོན་ཚུད་དང་དམིགས་བསལ་ཡིན་པའི་རྩ་དོན་ལ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ནན་མོ་བྱེད་པ་དང་། བྱིས་པའི་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ། བྱིས་པའི་བདེ་ཐང་སྔོན་ལ་འགན་སྲུང་བྱེད་པ། བྱིས་པའི་ཕན་བདེ་སྔོན་ལ་ཇེ་ལེགས་ཇེ་བཟང་དུ་གཏོང་བ། བྱིས་པའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོང་བཅས་བྱེད་དགོས། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། བུ་བཙའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་རྟེན་གཞི་རྒྱ་ཇེ་ཆེར་གཏོང་བ། ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་གཏོང་བ། ཁྱིམ་སྲོལ་བཟང་པོ་འཛུགས་པ་བཅས་བྱེད་དགོས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་གང་ལེགས་བྱེད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ། བུད་མེད་དང་བྱིས་པ་བསླུ་བྲིད་དང་གཡོ་འཚོང་བྱེད་པའི་ཉེས་གསོག་ལ་རྡུང་རྡེག་ནན་མོ་གཏོང་བ། ནར་མ་སོན་པའི་སྐྱེ་བོའི་དྲ་ཐོག་གི་སྲུང་སྐྱོང་ལ་ཤུགས་བསྣན་ཏེ་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།  

ཝུའུ་ཞའོ་ཅུན་གྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། རང་འགན་སྒྲུབ་པ། ཏང་ཨུའི་མགོ་ཁྲིད་དང་། སྲིད་གཞུང་གི་འགན་འཁྲི་གཙོ་བོ། བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་དང་མཐུན་སྦྱོར་བྱེད་པ། སྡེ་ཁག་མང་པོར་མཉམ་ལས་བྱེད་པ། སྤྱི་ཚོགས་ཡོངས་ཞུགས་པའི་བུད་མེད་དང་བྱིས་པའི་ལས་དོན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་ཕོ་མོ་འདྲ་མཉམ་ཡིན་པའི་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་སྔོན་ལ་འཇོག་པའི་རྩ་དོན་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ། བུད་མེད་ལ་བརྩི་འཇོག་དང་བྱིས་པར་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་སྔར་བས་ཆགས་སུ་བཅུག་སྟེ་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གྱིས་བསྟན།  

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གནང་། 

ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་ཚོགས་འདུར་མགོ་འཛིན་བྱས།  །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།