ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་རྫོང་གིས“གསར་བརྗེའི་ས་ཚིགས”བསྐྲུན་ཏེ་དམངས་ལ་ཞབས་ཞུ་བསྒྲུབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་མཉམ་འདྲེས་ལམ་བུ་འཚོལ་ཞིབ་དང་ཇེ་ལེགས་སུ་བཏང་ནས། སྣེ་ཁྲིད་ལ་ཤུགས་སྣོན་དང་ཞབས་ཞུ་འགན་ལེན། ཐེ་ཞུགས་བཅོས་སྒྲིག་བཅས་ཀྱི་ཐད་ནས་མགོ་ཚུགས་ཏེ་གསར་བརྗེའི་དྲོད་ལྡན་ས་ཚིགས་གསར་པ་བསྐྲུན་པར་མ་ཟད། ལས་ཞུགས་གསར་པའི་ཚོགས་སྤྱིའི་ཏང་འཛུགས་སྐྱོང་གི་སྒུལ་ནུས་གསར་པ་འཕེལ་བར་བྱས། 

ཕན་འབྲས་དངོས་ལ་མཐོང་ཆེན་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་གཡུལ་ས“སྒོ་འགྲམ”དུ་བསྐྲུན། རྣམ་གྲངས་ཅན་གྱི་ཏང་འཛུགས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་ལས་ཞུགས་ཚོགས་སྤྱི་གསར་པའི་དགོས་མཁོ་དང་པོར་དམིགས་ནས། “དམར་གཉིས་ས་ཚུགས་གཉིས”ཀྱི་ལས་གཞི་གསར་གཏོད་ལག་བསྟར་བྱེད་པ་དང་།“དུས་ངེས་མེད་བཀོད་གཏོང་དང་དུས་བཀག་ལྟ་སྐུལ་མཛུབ་ཁྲིད”ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས། ཏང་འཛུགས་སྐྱོང་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བཟོ་ལས་གླིང་ཁུལ་ཁག་བགོས་ལྟེ་གནས་དང་སྐྱེལ་འཚོང་ཞབས་ཞུའི་ས་ཚིགས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། ཕྱོགས་མང་པོའི་ཐད་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཏང་འཛུགས་སྐྱོང་གི་དཔེ་དེབ་དང་བརྙན་འཕྲིན། འཐུང་ཆུའི་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ལེ་ལག་ཚང་བའི་སྒོ་ནས་གཞི་རྟེན་ཆུང་ལ་ནུས་པ་མང་བའི“གསར་བརྗེའི་ས་ཚིགས”8བསྐྲུན་ཏེ། ལས་ཞུགས་ཚོགས་སྤྱི་གསར་པར་སློབ་སྦྱོང་དང་ངལ་གསོ། བྱེད་སྒོ་སྒྲིག་འཛུགས་བཅས་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན། 

ནུས་པ་ཆེར་གཏོང་དང་འདེགས་སྐྱོར་ཤུགས་ཆེན་བྱས་ནས་བྱམས་བརྩེའི་ངང་ཞབས་ཞུ་སྒྲུབ། “གསར་བརྗེའི་ས་ཚིགས”ཀྱི་རྒྱུན་ལྡན་དོ་དམ་དང་ཞབས་ཞུའི་དོན་ཚན་སོགས་ཀྱི་ལམ་ལུགས་བཟོས་ནས། ཞབས་ཞུའི་ནང་དོན་ཁག12མཁོ་འདོན་བྱས་པ་དང་། “ལས་སྒོའི་ཚན་པའི་གཙོ་གཉེར་དང་སྡེ་ཁུལ་གྱི་གཞོགས་འདེགས་དོ་དམ། ཞིབ་ཕྲའི་དོ་དམ”བཅས་ཟུང་འབྲེལ་གྱི་རྣམ་པ་སྤྱད་ནས། “གསར་བརྗེའི་ས་ཚིགས”འཛུགས་སྐྲུན་ཡག་པོ་དང་དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུའི་འགན་ལེན་བྱས། 

ལེགས་ཆའི་བྱ་ཐབས་ལ་བརྟེན་ནས་ལས་ཕྱོད་ཆེ་རུ་བཏང་སྟེ་དཔུང་ཁག་དེ“དྲ་མིག་ཅན་གྱི་དྲ་སྦྲེལ”དུ་བཅུག། “རྨང་གཞིའི་ཞབས་ཞུ་དང་རོགས་སྒྲུབ་ཚབ་སྒྲུབ”ཀྱི་ལམ་སྲོལ་སྤྱད་དེ། དམངས་སྲིད་དང་ཁྲིམས་འཛིན། བཟོ་ཚོགས་སོགས་སྡེ་ཚན་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས། ངལ་རྩོལ་དབང་སྲུང་དང་དམིགས་བསལ་གྱི་བརྩེ་བ། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། གསར་བརྗེའི་དྲོད་ལྡན་ས་ཚུགས་གསར་པའི་མཉམ་འདྲེས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་། སྐྱེལ་འཚོང་དང་མགྱོགས་འཕྲིན། ཁོར་ཡུག་སྲུང་སྐྱོང་གི་ལས་བཟོ་བའི་ལེགས་ཆ་འདོན་སྤེལ་བྱས་ནས། ལས་ཞུགས་གསར་པའི་ཚོགས་སྤྱི་དང་ཕྱི་རོལ་གྱི་ངལ་རྩོལ་པ210ཡིས་དྲ་མིག་ཅན་གྱི་དོ་དམ་པའི་འགན་འཁུར་བ་དང་ལེན་བྱས་ཏེ། མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་གསར་པ་བསྐྲུན་པ་རེད།  ། 




རྩོམ་སྒྲིག་པ། : བདེ་ལེགས་མཚོ།