ཀྲུང་གོ་བོད་ཀྱི་དྲ་བ།

ཧེ་ཡན་རྫོང་གིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ལས་དོན་གྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ནས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ལེའུ་གསར་པ་ཧུར་ཐག་གིས་བརྩམས། 

གཞུང་ལུགས་སློབ་སྦྱོང་བྱས་ཏེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཅིག་སྡུད་སློབ་སྦྱོང་ཐེངས370ལྷག་དང་། ཆེད་དོན་སློབ་སྦྱོང་བགྲོ་གླེང་ཐེངས200ལྷག་བྱས། ཏང་གཤིས་ཆེད་དོན་སློབ་གསོའི་པར་གཞི་ཐེངས10སྒྲིག་འཛུགས་བྱས་པ་དང་། བསྡོམས་པས་སློབ་སྦྱོང་ནང་ཞུགས་པའི་མི་ཐེངས12800ལ་སླེབས།

ལས་བྱེད་པ་འདེམས་བསྐོ་བྱས་ནས་ཆེད་ལས་ནུས་པ་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་སྤེལ་སོགས་འཐབ་ཕྱོགས་དང་པོའི་ལས་བྱེད་པའི་རྟོག་ཞིབ་དང་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞི་རིམ་གྱི་ལག་ལེན་ཁྲོད་འཇོན་ནུས་ལྡན་པའི་སྦྱོང་བརྡར་བྱེད་པ་དང་། ལས་གནས་མང་པོ་བརྒྱུད་དེ་སྦྱོང་བརྡར་བྱེད་པ། དཀའ་ཁག་སེལ་ནས་གཙོ་གནད་སྦྱོང་བརྡར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། ན་གཞོན་ལས་བྱེད་པ་ཕུལ་བྱུང་གི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕུལ་བྱུང་གཞུང་ཞབས་པ15སྔ་རྗེས་སུ་ཞང་དང་གྲོང་རྡལ་གྱི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་མངགས་ནས་གསོ་སྐྱོང་སྦྱོང་བརྡར་བྱེད་དུ་བཅུག་སྟེ། ཞིང་ལས་ལ་དགའ་བ་དང་གྲོང་གསེབ་ལ་རྒྱུས་ལོན་ཡོད་པའི་གཞུང་ཞབས་པ24གྲོང་ཚོའི་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་སྒྲུབ་མི་སྣར་མངགས། 

གྲོང་གསེབ་དར་སྤེལ་དུ་བཏང་ནས་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་གསུམ་ཏང་རྩ་འཛུགས་ཀྱི“ལས་གཞི་ཨང་དང་པོར”བརྩིས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་དེ“ཏང་འཛུགས་སྐྱོང་སྐར་གསོག་ལམ་ལུགས”ཀྱི་ལས་ཀའི་ནང་བཞག་ནས། 《གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད》སོགས་སྲིད་ཇུས་ཡིག་ཆ་བཟོས་ནས་འགྲེམས་སྤེལ་བྱས། མ་དངུལ་དང་རྣམ་གྲངས་འགན་ལེན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། “གྲོང་ཚོ་སྟོབས་ཆེར་གཏོང་བའི”ལས་གཞིའི་རྣམ་གྲངས16གསོག་འཇོག་བྱས། 2023ལོར་སྔོན་དཔག་བྱས་ན་གྲོང་ཚོ29ཡི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི1312ཟིན་པ་དང་། དེ2022ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི1213དང་བསྡུར་ན8.2%འཕར་ཡོད།  ། 




རྩོམ་སྒྲིག་པ། : བདེ་ལེགས་མཚོ།