ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་ཤང1དང་སྡེ་བ10རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་དང་གྲོང་རྡལ་དུ་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་གསལ་ལྟར་ན།  ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཉེ་ཆར་སྐོར་གསུམ་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གྱི་མིང་ཐོ་དང་དེ་བཞིན་སྐོར་གོང་མ་གཉིས་ཀྱི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གྱི་བསྐྱར་ཞིབ་མཇུག་འབྲས་ཁྱབ་བསྒྲགས་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲོ་པེ་བོད་རིགས་ཤང་རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་ཤང་གྲོང་དུ་བདམས་པ་དང་། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཏ་ཧྭ་གྲོང་རྡལ་ཁྲེ་ཧན་སྡེ་བ་དང་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཀན་ཏུའུ་གྲོང་རྡལ་ཏུང་ཝུའུ་སྡེ་བ་སོགས་སྡེ་བ10རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་སྐོར་གསུམ་པར་བདམས་ཡོད་པ་དང་དུས་མཚུངས་སུ།   མཚོ་སྔོན་ཞིང་ཆེན་དུ་སྐོར་དང་པོ་དང་གཉིས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་དང་གྲོང་རྡལ་དང་ཤང་དང་གྲོང་རྡལ2ཀྱི་སྡེ་བ15མུ་མཐུད་སོར་འཇོག་བྱས་པ་རེད།   དེ་ལས་ཞིང་ཆེན་ཡོངས་སུ་བསྡོམས་པས་ཤང་དང་གྲོང་རྡལ3དང་སྡེ་བ25རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་དང་གྲོང་རྡལ་དུ་གྱུར་པ་རེད།  

ཉེ་བའི་ལོ་འགའི་རིང་།  ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། གནས་གཅིག་ཁྱོན་ཁྲིད་ཀྱིས་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས། གྲོང་གསེབ་དེང་རབས་བཅོས་སྐྱོང་བྱེད་སྟངས་ཀྱི་ལམ་བུ་ཞིག་བཏོད་པ་དང་།   གནས་བབ་དང་བསྟུན་ནས་གྲོང་གསེབ་བཅོས་སྐྱོང་བྱེད་ཐབས་དང་།  ཐབས་ལམ།  ལམ་ལུགས།  སྟེགས་བུ་སོགས་དཔེ་མཚོན་གྱི་བྱེད་སྟངས་འཚོལ་ཞིབ་བྱས་ཏེ།“ཏང་འཛུགས་སྐྱོང་གི་བློ་གྲོས་དང་བཅོས་སྒྲིག་བྱེད་སྟངས་བཏོད་དེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དེ་གྲོང་གསེབ་བཅོས་སྐྱོང་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་དང་། མཉམ་འདྲེས་དང་སྐུལ་འདེད་ཀྱི་རྣམ་པ་གཉིས་ཆགས་པར་ཤུགས་བསྣན་པ་རེད།   ཀོས་ནན་ལྷོ་རྒྱུད་ཀྱི“བཅོས་སྒྲིག་གསུམ་དུས་གཅིག་ཏུ་སྤེལ་བ”དང་མགོ་ལོག་གི“པད་མའི30”བཅོས་སྒྲིག་གི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་། “བཅོས་སྒྲིག་ལྔ་དང་མཉམ་འདྲེས་བྱེད་པའི”གྲོང་གསེབ་བཅོས་སྐྱོང་གི་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་བཅོས་སྐྱོང་གི་ཐབས་ལམ་གསར་སྐྲུན་བྱས་པ་སོགས་རྒྱལ་ཡོངས་ལ་གྲོང་གསེབ་བཅོས་སྐྱོང་ཕྱོགས་ཀྱི་དཔེ་མཚོན་མཁོ་འདོན་བྱས་པ་ལས་གཞན། “ཟུང་འབྲེལ་གསུམ”གཞིར་བྱེད་པ་དང་། ནན་ཏན་སྒོས་གྲོང་གསེབ་བཅོས་སྐྱོང་རྐང་འཛིན་གྱི་ཆེད་དོན་གསོ་སྦྱོང་བྱས་ཏེ་བྱང་ཚད་མཐོ་བའི་དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་པ་དང་། གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བར་ཤེས་ལྡན་མི་སྣ་འདོན་སྤྲོད་བྱེད་པར་འགན་སྲུང་བྱས།

ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་རྗེས་མར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གསར་སྐྲུན་བྱེད་པའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་སྟེ།  ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་བ་ནས་མུ་མཐུད་འབད་འཐབ་བྱེད་པ་དང་།  “ཆ་བསགས་ལམ་ལུགས”དང“རྩིས་ཁྲའི་ལམ་ལུགས”སོགས་དངོས་གཉེར་གོ་ཆོད་པའི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་དང་བྱེད་ཐབས་མུ་མཐུད་དུ་ཁྱབ་གདལ་གཏོང་བ།  རྒྱུན་ཆད་མེད་པར“གྲངས་གཞི་ཅན”གྱི་གྲོང་གསེབ་བཅོས་སྐྱོང་བྱེད་སྟངས་དང་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱེད་པ།  གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ། སྔར་ལས་ལྷག་པར་ཏང་གི་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་རང་སྐྱོང་དང་ཁྲིམས་སྐྱོང་།  སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་།  གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བ་དང་དཔལ་ཡོན་ལྡན་པའི་གྲོང་གསེབ་ཀྱི་གོམས་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། གསར་གཏོད་ལག་ལེན་ལ་བརྟེན་ནས་གྲངས་གཞིའི་གྲོང་གསེབ་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་རེད།  །


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།