ཀྲུང་གོ་བོད་ཀྱི་དྲ་བ།

དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་གཏོད་གསར་གཏོད་འགྲན་བསྡུར་སྐབས་དང་པོ་ཐུན་རིན་གྲོང་ཁྱེར་ནས་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་གཏོད་གསར་གཏོད་ཀྱི་འགྲན་བསྡུར་སྐབས་དང་པོ་ཐུན་རིན་གྲོང་ཁྱེར་དུ་སྤེལ་བ་དང་། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ལས་གྲུབ་པའི་ཁེ་ལས(ཚོགས་པ)6འགྲན་རྩོད་དྲག་པོ་ནང་ཞུགས་པ་དང་། མཐར་ཙེ་ཐང་རོང་འབྲོག་ལས་སྐྱེ་ལྡན་སྐྱེ་ཁམས་རྫས་ལུད་ཚད་ཡོད་ཀུང་སིར་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། མཚོ་སྔོན་ཏིང་ཁྲེན་སྐྱེ་དངོས་ནུས་ཁུངས་གསར་པའི་ཚད་ཡོད་ཀུང་སི་དང་གཅན་ཚ་རྫོང་གདོང་སྣ་གྲོང་རྡལ་བན་ཧྲུན་ལྗང་མདོག་ཁྱིམ་བྱ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ལ་བྱ་དགའ་རིམ་པ་གཉིས་པ་ཐོབ། དེ་མིན་གྱི་ཁེ་ལས(ཚོགས་པ)3ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།  

ཟླ9པའི་ཚེས1ཉིན་གྱི་བྱེད་སྒོ་སྤེལ་མགོ་ཚུགས་པ་ནས་བཟུང་། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིས་གཉེར་བའི་ཁེ་ལས10(ཚོགས་པ)ནང་ཞུགས་རྒྱུའི་མིང་ཐོ་སྔ་རྗེས་སུ་བཀོད་པ་དང་།  ཐོག་མའི་གསོ་སྦྱོང་དང་། ཐོག་མའི་དཔྱད་འདེམས། བསྐྱར་ཞིབ་སོགས་ཀྱི་གོ་རིམ་བརྒྱུད་མཐར་ཁེ་ལས(ཚོགས་པ)6རྟིང་རྩོད་འགྲན་བསྡུར་ནང་ཚུད་ཡོད་པ་རེད།  འགྲན་བསྡུར་ནང་ཞུགས་མཁན་ཁེ་ལས་དང་བདམས་ཐོན་པ་རྣམས་རྨ་ལྷོ་ཁུལ་གྱི་ལས་རིགས་ཁྱབ་ཁོངས་མི་འདྲ་བའི་ནང་ནས་ཐོན་པའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་གཏོད་རྩེ་གྲས་ཡིན་པ་དང་། འགྲན་བསྡུར་ཁྲོད་ཁོང་ཚོས་ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས་དང་མི་སྒེར་གྱི་ལས་གཏོད་ཉམས་འགྱུར་གང་ལེགས་མངོན་ཡོད་པ་རེད།  

རྒྱུས་ལོན་པ་ལྟར་ན། འགྲན་བསྡུར་སྟེང་ཞིང་ཆེན་དང་ཁུལ་གྱི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་གཏོད་སློབ་དཔོན་དང་ཆེད་ལས་མཁས་ཅན5དཔྱད་འདེམས་ལ་གདན་ཞུ་བྱས་ཡོད་པའི་དུས་མཚུངས་སུ། ཐེངས་འདིའི་འགྲན་བསྡུར་ནང་ད་དུང་མཚོ་སྔོན་སློབ་ཆེན་ཁུ་ནུ་སློབ་གླིང་གི་ལས་གཏོད་སློབ་དཔོན་དགེ་རྒན་ཆེན་མོ་ལིའུ་གོ་ཏུང་གིས་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་། དེ་བཞིན་ལས་གཏོད་དབྱེ་ཞིབ་སློབ་ཁྲིད་བྱས་ནས་གྱོད་གཞིར་གཞིགས་ཏེ་སློབ་ཁྲིད་བྱས་པ་དང་། རྨ་ལྷོ་ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ་དང་ཚན་རྩལ་ཅུའུ། ལས་ཞུགས་ཅུའུ་བཅས་ཀྱི་ཆེད་ལས་མཁས་པ་ཡུལ་དངོས་སུ་ཁེ་ལས་གཉེར་སྐྱོང་འཕེལ་རྒྱས་ལ་མཛུབ་ཁྲིད་བྱས་པ་རེད།  

རྒྱུས་ལོན་པ་ལྟར་ན། རྗེས་ཕྱོགས་འགྲན་བསྡུར་གྱི་བྱ་དགའ་ཐོབ་པའི་རྣམ་གྲངས་དེ་རྨ་ལྷོ་ཁུལ་གྱི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་གཏོད་གསར་གཏོད་འགྲན་བསྡུར་རྣམ་གྲངས་མཛོད་ནང་བཞག་ནས། ཡུན་རིང་ལ་རྗེས་སྙེག་ཏེ་ཁེ་ལས་ལ་སློབ་དཔོན་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་། ལས་རིགས་བློ་འདྲི་སོགས་ཀྱི་སྲིད་ཇུས་རོགས་སྐྱོར་བྱ་རྒྱུ་དང་། བྱ་དགའ་ཐོབ་པའི་ཁེ་ལས(ཚོགས་པ)དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི“གཉིས་གཏོད”ཀྱི་དཔེ་མཚོན་སྔོག་འདོན་བྱས་པ་བརྒྱུད། དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ཁེ་ལས(ཚོགས་པ)ཀྱི་སྐད་གྲགས་དང་སྤྱི་ཚོགས་ཀྱི་སྣང་བརྙན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།  

འགྲན་བསྡུར་མཇུག་འགྲིལ་རྗེས། འགྲན་བསྡུར་ནང་ཞུགས་པའི་ཁེ་ལས་ཀྱི་འགན་འཁུར་བ་རྩ་འཛུགས་བྱས་ཏེ་ཐུན་རིན་གྲོང་ཁྱེར་གསེར་མདོག་བཏུང་བྱ་ཀུང་སི་དང་།  མཚོ་སྔོན་ཏིང་ཁྲེན་སྐྱེ་དངོས་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སི།  གཅན་ཚ་རྫོང་ཞིང་ལས་ཚན་རྩལ་གླིང་གསར་པ་བཅས་ལ་ལྟ་སྦྱོང་བྱས་པ་རེད།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།