ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཧི་ནན་སོག་རིགས་རང་སྐྱོང་རྫོང་སྐྱེ་ལྡན་ཐོན་ལས་ཚན་རྩལ་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་རྩ་འཛུགས་བྱས་ནས་སྐབས་ཉི་ཤུ་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོགས་འདུ་ནང་ཞུགས་པ་དང་། ཚོགས་འདུའི་ཐོག་ཧི་ནན་རྫོང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏའེ་པའེ་ལོན་ཁྲེང་ཕྱིར་སྡོད་རང་མིའི་སྤྱི་ཁྱབ་ཚོང་ལས་ཚོགས་པ་དང་མཉམ་ལས་ཀྱི་འདོད་འདུན་གན་རྒྱ་བཞག་པས། ཧི་ནན་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱི་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་བསྐྱོད་པ་མཚོན་ཡོད།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏའེ་པའེ་ལོན་ཁྲེང་ཕྱིར་སྡོད་རང་མིའི་སྤྱི་ཁྱབ་ཚོང་ལས་ཚོགས་པ་འགན་འཁུར་བ་ཅིན་གོ་ཀྲུང་གིས་རྗེས་མར་ཧི་ནན་རྫོང་སྐྱེ་ལྡན་ཐོན་ལས་ཚན་རྩལ་གླིང་དོ་དམ་ཨུ་ལྷན་དང་མཉམ་ལས་བྱ་རྒྱུར་སྔར་ལས་ཤུགས་བསྣན་ནས། ཧི་ནན་རྫོང་གངས་རིའི་རྟགས་ཅན་གྱི་སྐམ་ཤ་དང་ལུག་ཤ། “ཨ་ཆེན་གངས་རྒྱབ”རྟགས་ཅན་གྱི་སྐམ་ཤ།“ཨ་མའི་བུ”སོགས་ཐོན་རྫས་རིགས་ཀྱི་ཉོ་སྒྲུབ་འཆར་གཞིའི་ནང་འཇུག་རྒྱུ་ཡིན་པ་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་གཙོ་གནད་ཚོང་ར་རུ་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་ཟེར།
ཧི་ནན་རྫོང་སྐྱེ་ལྡན་ཐོན་ལས་ཚན་རྩལ་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཧུར་ཐག་སྒོས་མཉམ་ལས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོམས་ནས་མཉམ་ལས་དོན་འཁྱོལ་བྱེད་པར་ཤུགས་བསྣན་པ་སོགས་སྔར་ལས་ལྷག་པར་ཧི་ནན་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ་རེད། །