ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་སྤྱི་ཚོགས་སློབ་གསོའི་རྣམ་གྲངས་ལ་སྐབས་གཉིས་པའི་རྒྱལ་ཡོངས་རིག་གནས་དངོས་མང་སྟོན་ཚོགས་དང་སྤྱི་ཚོགས་སློབ་གསོའི་ཕུལ་བྱུང་གྱོད་དཔེའི་མཚན་སྙན་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན“2022ལོའི་ལོ་འཁོར་གྱི་རྒྱལ་ཡོངས་རིག་གནས་དངོས་མང་ཤམས་སྟོན་དང་སྤྱི་ཚོགས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་གྱོད་དཔེ་ལེགས་པོ་བཅུ་དང་ཕུལ་བྱུང་གྱོད་དཔེའི”མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་ཡར་ཞུ་བྱས་པའི“རྒྱུ་མང་ངོ་མཚར་དང་་གཟི་འོད་མཉམ་འདྲེས-མཚོ་སྔོན་གྱི་མི་རབས་ནས་མི་རབས་བར་སྡོད་པའི་མི་རིགས”ཀྱི་རྣམ་གྲངས་ལ་ཕུལ་བྱུང་གི་གྱོད་དཔེའི་མཚན་སྙན་ཐོབ་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་སྟོན་ཁང་དང་དྲན་གསོ་ཁང་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་ཐོག་མ་ཡིན་པ་རེད། 

“རྒྱལ་ཡོངས་ཀྱི་རིག་གནས་དངོས་མང་བཤམས་སྟོན་དང་སྤྱི་ཚོགས་སློབ་གསོའི་གྱོད་དཔེ་རྩེ་གྲ་བཅུ”ནི་ཀྲུང་གོའི་རིག་གནས་དངོས་མང་བཤམས་སྟོན་དང་སྤྱི་ཚོགས་རིག་པའི་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་དེ་རེད།   སྐབས་གཉིས་པའི་རྒྱལ་ཡོངས་རིག་གནས་དངོས་མང་བཤམས་སྟོན་དང་སྤྱི་ཚོགས་རིག་གནས་དངོས་མང་སཤམས་སྟོན་གྱི་དཔེ་མཚོན་གྱོད་དཔེ་བཅུ་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)25ནས་ཡོང་བའི་ཡར་ཞུའི་གྱོད་དཔེ240འབྱོར་བ་དང་། མཇུག་མཐར་ཡར་ཞུའི་གྱོད་དཔེ10ལ་གྱོད་དཔེ་ཕུལ་བྱུང་བཅུ་ཐོབ་པ་དང“རྒྱུ་མང་ངོ་མཚར་དང་གཟི་འོད་མཉམ་འདྲེས--མཚོ་སྔོན་གྱི་མི་རབས་ནས་མི་རབས་བར་སྡོད་པའི་མི་རིགས”སོགས་ཡར་ཞུའི་གྱོད་དཔེ34ལ་རྒྱལ་ཡོངས་རིག་གནས་དངོས་མང་ཤམས་སྟོན་སྐབས་གཉིས་པའི་སློབ་གསོའི་ཕུལ་བྱུང་གྱོད་དཔེ་ཐོབ།   

“རྒྱུ་མང་ངོ་མཚར་དང་གཟི་འོད་མཉམ་འདྲེས--མཚོ་སྔོན་གྱི་མི་རབས་ནས་མི་རབས་བར་སྡོད་པའི་མི་རིགས”ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་རིམ་སྤེལ་སློབ་ཚན་ནི་གཞོན་ནུ་ལོ་ཆུང་བྱེད་སྒོ་སྤེལ་ཡུལ་དུ་བྱེད་པ་དང་། གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་སྤེལ་རྒྱུ་དམིགས་ཡུལ་དུ་བྱས་ཏེ། མི་རིགས་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་རྟགས་རྣམ་གྲངས་སྔོག་འདོན་དང་དབྱེ་ཞིབ་བྱས་པ་བརྒྱུད“མི་རིགས་ཀྱི་གྱོན་ཆས་གྱོན་ནས་མི་རིགས་ཀྱི་ཞབས་བྲོ་སྦྱོང་བ”དང“འཇའ་ཚོན་གྱི་འཚོ་བ-ཧོར་རིགས་ཀྱི་བྱིས་པའི་རས་པར་སྦྱར་བཅས”སོགས་ཤེས་བྱའི་རང་བཞིན་དང་སྤྲོ་སྣང་རང་བཞིན་བཅས་ངོ་བོ་གཅིག་ཡིན་པའི་ཁྱད་ལྡན་བྱེད་སྒོ་འཆར་འགོད་བྱས་ཤིང་།   རིམ་སྤེལ་སློབ་ཚན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་གཞི་རྟེན་དུ་བྱས་ནས། ཞུགས་མཁན་ལ་མི་རིགས་ཀྱི་ཤེས་བྱ་ཤེས་རྟོགས་བྱེད་རོགས་བྱས་པ་དང་། ཞུགས་མཁན་གྱི་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྐྱེད་སྲིང་བྱེད་པ།  ལག་ལེན་བྱེད་པར་བྱ་ཐབས་སྤྱད་དེ་ཞུགས་མཁན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་གོ་བ་གཏིང་ཟབ་མོ་བླངས་ཏེ། བྱེད་སྒོའི་ནང་ཞུགས་མཁན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཤེས་རྟོགས་དང་གཟུགས་འདས་ཤུལ་བཞག་རིག་གནས་ནང་ཞུགས་པར་ཁྲིད་སྟོན་བྱས།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།