ཀྲུང་གོ་བོད་ཀྱི་དྲ་བ།

​མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས《ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་ཏེ་རྟོག་ཞིབ་བྱ་བར་ཤུགས་བསྣོན་དང་ལེགས་བཅོས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་རྟོག་ཞིབ་ཞིབ་འཇུག་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་ལེན་དོན་འཁྱོལ་བྱ་ཆེད། ཉེ་ཆར། ཞིང་ཆེན་སྲིད་གྲོས་ཀྱིས《སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》)དཔར་འགྲེམ་བྱས། (གཤམ་དུ《བསམ་འཆར》དུ་བསྡུས་ཡོད)

《བསམ་འཆར》ལས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་བརྗོད་དོན་ལ་སྐུལ་འདེད་གཏོང་བ་དང་། རྟོག་ཞིབ་ཞིབ་འཇུག་དེ་འགན་ནུས་ལག་བསྟར་གྱི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོའི་ཐད་སྦྲེལ་བར་བྱས་ཏེ། རྟོག་ཞིབ་གྲུབ་འབྲས་ཀྱི་བསྒྱུར་བཅོས་ཤུགས་ཚད་ཆེ་རུ་བཏང་། སྤྱོད་སྟངས་ལེགས་བཅོས་རྒྱུན་འཁྱོངས་དང་། ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་གཏན་ཁེལ་དང་། ལག་བསྟར་རྩ་དོན་གྱི་དགོངས་དོན། དེ་མིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲིམས་འགལ་ངང་རྒྱས་འཐུང་བྱེད་པའི“བྱེད་མི་ཆོག་པ་བཅུ”ལག་བསྟར་བྱས་ཏེ། རྟོག་ཞིབ་ཞིབ་འཇུག་བྱ་འགུལ་གྲོན་ཆུང་དང་། དངོས་གཉེར། ནུས་མཐོ་ཡོང་བར་ཁག་ཐེག་བྱས། 

གོ་རིམ་ཚད་ལྡན་གཏོང་བའི་ཐད། 《བསམ་འཆར》ལས། ལོ་རེའི་ལོ་སྟོད་དུ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་བྱ་བའི་གཙོ་གནད་དང་། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཞིང་ཆེན་སྲིད་གྲོས་ཀྱི་ལོ་རེའི་གྲོས་མོལ་འཆར་གཞི་སོགས་སུ། ཆེད་དོན་ཨུ་ཡོན་ལྷན་ཁང་དང་།ལས་ཁུངས་སྡེ་ཁག་གི་ཚན་རིག་ལྟར་རྟོག་ཞིབ་གླེང་གཞི་གཏན་ཁེལ་བྱས། རྟོག་ཞིབ་གླེང་གཞིའི་ལས་འགན་སྡེ་ཁག་གིས་སེམས་ཞིབ་མོས་རྟོག་ཞིབ་གྲ་སྒྲིག་དང་། རྟོག་ཞིབ་ས་གནས་ཀྱིས་དཔེ་མཚོན་ཉམས་མྱོང་ལྡན་པའི་ས་ཁུལ་དང་། ལས་ཁུངས། ལས་གཞི་དང་རང་བྱུང་རྐྱེན་ཞན་པ། བྱ་བའི་རྨང་གཞི་ཞན་པ། གནས་ཚུལ་རྙོག་འཛིང་ཆེ་བ། མང་ཚོགས་ཀྱི་བསམ་འཆར་ཅུང་མང་བའི་ས་ཆར་བཀོད་སྒྲིག་བྱེད་དགོས། 

རྟོག་ཞིབ་ཀྱིས་ཚན་གཙོའི་ལས་འགན་སྒྲིག་སྲོལ་ལག་བསྟར་དང་། རྟོག་ཞིབ་ཁོངས་མིས་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཚན་བགོས་ཀྱི་ཨུ་ཡོན་གཙོས། དོན་དངོས་ལྟར་ཆེད་མཁས་པ་སོགས་ཞུགས་པར་བསྡུ་ལེན་བྱས་ཆོག འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་གི་བར་དང་། ལས་བགོས་བར་གྱི་རྟོག་ཞིབ་ཞིབ་འཇུག་དེ་དམངས་གཙོའི་ཏང་ཁག་སོ་སོ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བར་རྟོག་ཞིབ་བྱེད་པ། གྲོང་ཁྱེར་དང་ཁུལ།རྫོང་གི་སྲིད་གྲོས་བར་མཐུན་འགྲིག་རྟོག་ཞིབ་བྱས་ཆོག ཀྲུང་གུང་ཏང་ཡོན་གྱི་མི་གྲངས3ཡན་ལ། རྟོག་ཞིབ་དུས་ཡུན་ཉིན5ཡི་རྟོག་ཞིབ་ཚན་ཆུང་གིས། ཀྲུང་གུང་གནས་སྐབས་ཀྱི་ཏང་ཀྲི་པུའུ་འཛུགས་པ་མ་ཟད། རྟོག་ཞིབ་མཇུག་སྒྲིལ་རགས་བར་བྱ་བ་ཡང་མཇུག་སྒྲིལ་བ་ཡིན། ཡུལ་དངོས་རྟོག་ཞིབ་ཀྱིས་རིམ་པ་མང་ཞིང་། གནས་ཚད་མང་བ། ཐབས་ལམ་མང་པོའི་སྒོ་ནས་དོན་དངོས་གནས་ཚུལ་རྒྱུས་ལོན་དང་། དམངས་ཀྱི་འདོད་བློར་ལྟ་ཞིབ་བྱེད་པ། རྒྱུ་ཆ་དང་པོ་ཁོང་དུ་ཆུད་པར་བྱེད་དགོས། རྟོག་ཞིབ་རྣམ་པར་བཞུགས་མོལ་ཚོགས་འདུ་དང་། ཡུལ་དངོས་རྟོག་ཞིབ་སོགས་ཀྱི་རྣམ་པ་སྤྱད་ཆོག་ཅིང་། དུས་མཚུངས་སུ།གཞི་གྲངས་ཆེན་མོ་དང་།དྲ་རྒྱ་སོགས་ཀྱི་རྣམ་པས། རྟོག་ཞིབ་བྱ་བར་ལེགས་བཅོས་དང་ཤུགས་བསྣོན་བྱས་ཆོག ཡུལ་དངོས་རྟོག་ཞིབ་ཀྱི་མཇུག་དང་མཇུག་སྒྲིལ་རྗེས། དུས་ཐོག་ཏུ་རྟོག་ཞིབ་ཚན་ཆུང་ནང་ཁུལ་གྱི་བགྲོ་གླེང་ཚོགས་འདུ་བསྡུས་ཆོག 

གྲུབ་འབྲས་བསྒྱུར་བཅོས་དང་དམ་དུ་འབྲེལ་ཏེ། 《བསམ་འཆར》ལས་སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་འབྲི་དགོས་པ་དང་། རྟོག་ཞིབ་མཇུག་སྒྲིལ་རྗེས་ལས་སྒྲུབ་ཉིན་བཅུའི་ནང་རྟོག་ཞིབ་སྙན་ཞུ་ལེགས་འགྲུབ་བྱེད་འོས་ཤིང་། རྟོག་ཞིབ་སྙན་ཞུ་དེ་ཡང་དག་ཅིང་། གཙོ་གནད་འབུར་ཐོན།  ཞིབ་བརྗོད་གཟབ་ནན། ཡིག་འབྲུ་ཉིང་བསྡུས་ཡིན་དགོས་པ་དང་། ཡིག་འབྲུ5000ལས་མི་བརྒལ་བར་བྱེད་དགོས། རྟོག་ཞིབ་འབྲས་བུ་ཕུན་ཚོགས་དང་། རྟོག་ཞིབ་དང་སྲིད་གྲོས་འགན་ནུས་ལག་བསྟར་གྱི་རྣམ་པ་མང་པོ་ཟུང་འབྲེལ་སྒོས། རྟོག་ཞིབ་རྒྱུ་ཆའི་གཅིག་བསྡུས་དང་མཉམ་སྤྱོད་ལ་ཤུགས་བསྣན་ནས། རྟོག་ཞིབ་ཨུ་ཡོན་འཐུས་ཚབ་ཀྱིས་སྲིད་གྲོས་ཚང་འཛོམས་གྲོས་ཚོགས་ལ་འོས་སྦྱོར་བྱེད་པ་དང་། ཆེད་དོན་གླེང་གཞི་ཅན་གྱི་རྒྱུན་ལས་གྲོས་ཚོགས་སམ་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་ཆོག རྟོག་ཞིབ་འབྲས་བུའི་བསྒྱུར་བཅོས་བེད་སྤྱོད་ཐད། དུས་ཐོག་ཏུ་རྗེས་འདེད་དང་། འབྲེལ་ཡོད་སྡེ་ཁག་གི་རྟོག་ཞིབ་འབྲས་བུ་བསྡུ་ལེན་གནས་ཚུལ་ལ་སྐུལ་འདེད་དང་། རྟོག་ཞིབ་འབྲས་བུའི་བསྒྱུར་བཅོས་ཀྱི་དགེ་མཚན་སྐུལ་འདེད་གཏོང་བ། དེ་མིན་མི་འདང་ས་ཁ་གསབ་བྱེད་པ། ཞན་ཆ་ཤུགས་དྲག་ཏུ་གཏོང་བའི་སྲིད་ཇུས་བྱེད་ཐབས་སྤྱད་ཆོག རྟོག་ཞིབ་འབྲས་བུའི་དྲིལ་སྒྲོག་ལ་ཤུགས་བསྣོན་དགོས། ། 


རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།