ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན་གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་པ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་སྡེ་ཁག་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མིང་ཐོ་གྲས་སུ་ཚུད་ཡོད།
རྒྱལ་ཁབ་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་ལ་རིག་གནས་ཀྱི་ལེགས་ཆ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ། ཐོན་ལས་སྦྲེལ་ཐག་མཉམ་འདྲེས་གཏིང་ཟབ་པ་དང་མཐུན་སྦྱོར་མཉམ་ལས་བྱེད་པ། འཕེལ་རྒྱས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཆ་རྐྱེན་ཚང་དགོས་པ་མ་ཟད། རང་མོས་རེ་ཞུ་དང་གཅིག་གྱུར་གཏན་འཁེལ་གྱི་བྱེད་ཐབས་སྤྱོད་པ་སོགས་ས་གནས་ཀྱིས་ཡིག་ཐོག་སྙན་ཞུ་འབུལ་བ་དང་། ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག་གིས་འོས་སྦྱོར་བྱེད་པ། གོ་རིམ་ལྡན་པའི་ངང་ཞིབ་བཤེར་བྱེད་པ། ཆེད་ལས་པས་ཞིབ་དཔྱད་བྱེད་པ་སོགས་བརྒྱུད་དེ། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རང་བྱུང་ཐོན་ཁུངས་པུའུ་དང་། སྡོད་ཁང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་བཅས་དང་མཉམ་དུ་རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་སྡེ་ཁག50གཏན་འཁེལ་བྱ་རྩིས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ཧེ་ཡན་རྫོང་དེའི་གྲས་སུ་ཚུད་ཡོད།
ཉེ་བའི་ལོ་འགའི་རིང་། ཧེ་ཡན་རྫོང་གིས་སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྲུན་བྱ་རྒྱུ་དེ་ཡུལ་སྐོར་འཕེལ་རྒྱས་ཀྱི་གཞི་རྟེན་དང་རྨང་གཞིར་བརྩིས་ནས། དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་རྒྱལ་ཁའི་ངང་སྒྲུབ་པ་བརྒྱུད་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་དང་། ཁྱད་ལྡན་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་སོགས་ནང་མཁོ་རྒྱ་ཆེ་རུ་གཏོང་བ་དང་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་མཉམ་ལས་བྱེད་ཐབས་སོགས་སྤྱད་པ་བརྒྱུད། དུས་སྟོན་རིག་གནས་དེ་དུས་སྟོན་དཔལ་འབྱོར་ལ་བསྒྱུར་བར་སྐུལ་འདེད་བཏང་མཐར་འཛད་སྤྱོད་རིམ་སྤོར་དང་ཐོན་ལས་གསུམ་པ་ཡར་འཕར་བར་སྐུལ་འདེད་བྱས་པ་དང་། ཡུལ་སྐོར་ལས་རིགས་དེ་ཧེ་ཡན་རྫོང་གི་ལེགས་ལྡན་ཐོན་ལས་སུ་གྱུར་ཡོད།
ད་ལོ་ནས་བཟུང་། ཧེ་ཡན་རྫོང་གིས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འཕེལ་རྒྱས་གཏོང་རྒྱུ་དེ་ཧེ་ཡན་གྱི“གྲོང་ཁྱེར་དང་པོའི་ལས་རིགས་ལྔའི་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས”ལ་སྐུལ་འདེད་གཏོང་བའི་སྤྱིའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་ཞིབ་ཕྲའི་ལག་ལེན་ལ་བརྩིས་ནས་རང་བྱུང་སྐྱེ་ཁམས་དང་། རྫོང་མཐུག་པའི་གསར་བརྗེའི་རིག་གནས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་སོགས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ཏེ། རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དང་ཧྲང་ཤིང་ས་ཚིགས་སོགས་གསར་བརྗེའི་སློབ་གསོ་བརྗོད་དོན་གཙོ་ར་བྱས་པའི་གསར་བརྗེའི་སློབ་གསོའི་ཡུལ་སྐོར་དང་། མཚོ་སྔོན་པོ་དང་གསེར་དངུལ་ཐང་སོགས་རང་བྱུང་མཛེས་ལྗོངས་བརྗོད་དོན་གཙོར་བྱེད་པའི་སྐྱེ་ཁམས་ཡུལ་སྐོར། ཞི་ཧའེ་ཅུན་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་བརྗོད་དོན་གཙོར་བྱས་པའི་ལོ་རྒྱུས་རིག་གནས་ཀྱི་ཡུལ་སྐོར། མདའ་བཞི་ཚོ་བ་དང་བེན་གྱའི་ཕྱུགས་ར་སོགས་ཧེ་ཡན་གྱི་ཁྱད་ལྡན་དམངས་སྲོལ་གོམས་གཤིས་བརྗོད་དོན་གཙོར་བྱས་པའི་སྲོལ་རྒྱུན་ཉམས་ལེན་ཡུལ་སྐོར་དུ་བསྐྱོད་པ། ངལ་རྩོལ་ཐོན་སྐྱེད་དང་ཞིང་ལས་ཀྱི་མྱོང་ཚོར་བརྗོད་བྱ་གཙོར་བྱེད་པའི་ངལ་རྩོལ་རིགས་ཀྱི་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་འགྲུལ་བཞུད་སོགས་གསར་སྐྲུན་བྱས།
གཞན་ཡང་ཧེ་ཡན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད། རྒྱལ་ཁབ་སྤྱི་གླིང་གཏོད་པའི་བླང་བྱ་དང་རང་བྱུང་སྲུང་སྐྱོང་ཁུལ་དང་། མཛེས་ལྗོངས་གྲགས་ཅན་ཁུལ་དོ་དམ་ཚོད་འཛིན་བཅས་ཀྱི་གཏན་འབེབས་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག། ཁེ་ཐུའུ་ཝང་ལྗང་མདོག་ཐིང་གི་བྱེ་བཅོས་དཔེ་སྟོན་ཁུལ་དང་ཅིན་ཧྲ་ཁུག་གི་མཉམ་འབྲེལ་ཞིབ་བཤེར་བྱ་ཡུལ་གཉིས་སུ་སོར་འཇོག་བྱས་པའི་མཛེས་ལྗོངས་ཁུལ་དུ་སྐྱེ་ཁམས་ཡུལ་སྐོར་ལམ་ཡང་ན་སྐྱེ་ཁམས་མྱོང་རོལ་འོས་འཚམ་གྱིས་སྒོ་འབྱེད་པ་དང་། “ཁོར་ཡུག་བཅོས་སྒྲིག་ཆེན་པོ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི”ཆེད་དོན་བྱ་འགུལ་ལག་བསྟར་བྱས་ནས་ཁོར་ཡུག་བཅོས་སྒྲིག་གི་ཁོངས་གཏོགས་འགན་གཙང་ལེན་དང་། ཏང་ཡོན་དང་ལས་བྱེད་པས་ལམ་དུམ་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས། མཚོ་སྔོན་པོའི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་པ། ཁྲོམ་རའི་སྒྲིག་ལམ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུའི་སྒྲིག་བཀོད་ཀྱི་སྒྲིག་ཆས་ཇེ་ལེགས་སུ་གཏོང་བ། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཡུལ་སྐོར་མིང་རྟགས་ཀྱི་སྣང་བརྙན་གསར་སྐྲུན་བྱེད་པ་སོགས་མཐོར་འདེགས་སུ་བཏང་བ་རེད། །