ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུའི་མགོ་ཁུངས་ཀྱི་དགུན་དུས་མཛེས་ཉམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ནི་གཙང་གསུམ་འབྱུང་ཡུལ་གྱི་དབུས་རྒྱུད་དུ་གནས་ཤིང་། དེ་རུ་མཚོ་མཚེའུ་གངས་རི་དང་མཉམ་དུ་འདྲེས་ནས་ཆུ་རྒྱུན་ཤིན་ཏུ་མང་། མཚོ་དང་མཚེའུ་སྐར་ཚོགས་བཞིན་ས་གཞིར་ཁྱབ་པས་ཆུ་ཁུངས་གསོ་སྐྱོང་ནུས་བ་གལ་ཆེན་ལྡན། དེ་དང་ཆབས་ཅིག་ཏུ་ས་ཁོངས་དེར་ཕུན་སུམ་ཚོགས་པའི་མཐོ་སྒང་དུ་ཁྱད་དུ་ཡོད་པའི་སྲོག་ཆགས་དང་སྐྱེ་དངོས་རིགས་ཡོད་པས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་མ་ལག་སྣ་མང་རང་བཞིན་དང་བརྟན་བརླིང་ཡོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད།

གཙང་གསུམ་འབྱུང་ཡུལ་རྨ་ཆུའི་མགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས།

མཚོ་སྔོན་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་གཙང་བོ་གསུམ་གྱི་འབྱུང་ཡུལ་ཡིན་ཞིང་། མངའ་ཁོངས་སུ་རྨ་ཆུའི་ཆུ་ལག་གི་རིང་ཚད་སྟོང་སྨི1694ཟིན་ནས་རྨ་ཆུའི་སྤྱིའི་རིང་ཚད་ཀྱི་སུམ་ཆའི་གཅིག་ཟིན་ཡོད། འབབ་རྒྱུད་རྒྱ་ཁྱོན་སྨི་གྲུ་བཞི་མ་སྤྱི་ལེ་ཁྲི15.31ཟིན་ནས་རྨ་ཆུའི་འབབ་རྒྱུད་སྤྱིའི་རྒྱ་ཁྱོན་གྱི་ལྔ་ཆའི་གཅིག་ཟིན་པ། ལོ་མང་པོར་ཆ་སྙོམས་མངའ་ཁོངས་ནས་བཞུར་བའི་ཆུ་ཚད་རྒྱ་དཔངས་སྨི་དུང་ཕྱུར264.3ཟིན་ནས་རྨ་ཆུའི་སྤྱིའི་བཞུར་རྒྱུན་གྱི50%ཟིན་ཞིང་། སྐྱེ་ཁམས་གོ་གནས་དམིགས་བསལ་དང་གལ་ཆེན་ཡིན། །

གཙང་གསུམ་འབྱུང་ཡུལ་རྨ་ཆུའི་མགོ་ཁུངས་ཀྱི་མཚོ་སྔོ་རེངས།

གཙང་གསུམ་འབྱུང་ཡུལ་རྨ་ཆུའི་མགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས།

གཙང་གསུམ་འབྱུང་ཡུལ་རྨ་ཆུའི་མགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས།

གཙང་གསུམ་འབྱུང་ཡུལ་རྨ་ཆུའི་མགོ་ཁུངས་ཀྱི་བརླན་ས་ཞིག

གཙང་གསུམ་འབྱུང་ཡུལ་རྨ་ཆུའི་མགོ་ཁུངས་སུ་རྒྱུ་བཞིན་པའི་རྐྱང་ཁྱུ།

གཙང་གསུམ་འབྱུང་ཡུལ་རྨ་ཆུའི་མགོ་ཁུངས་སུ་རྒྱུ་བཞིན་པའི་རྐྱང་ཁྱུ།

གཙང་གསུམ་འབྱུང་ཡུལ་རྨ་ཆུའི་མགོ་ཁུངས་སུ་རྒྱུ་བཞིན་པའི་རྐྱང་ཁྱུ་དང་གཙོད་ཁྱུ།

གཙང་གསུམ་འབྱུང་ཡུལ་རྨ་ཆུའི་མགོ་ཁུངས་སུ་རྒྱུ་བཞིན་ཁྲུང་ཁྲུང་མགོ་ཁྲ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ཀྱི་ནོར་མགོ་རྡོ་བརྐོས།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།