ཀྲུང་གོ་བོད་ཀྱི་དྲ་བ།

མང་ཨེ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཨེ་གྲོང་ཁྱེར་གྱིས“ཕུལ་བྱུང་ལྔ་དང་མཐོར་འདེགས་ལྔའི”གཞི་རིམ་བཅོས་སྐྱོང་གི་ཏང་འཛུགས་སྐྱོང་ལས་གཞིར་སྣེ་ཁྲིད་བྱ་རྒྱུ་དམ་འཛིན་བྱས་ནས། གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་མཐོ་རུ་གཏོང་བའི་ཐད་མུ་མཐུད་དུ་ཤུགས་བསྣན་ནས། ཧུར་ཐག་གིས་གཞི་རིམ་དུ་བསྐྱོད་པ་དང་སྟོབས་ཤུགས་མཉམ་འདུས་ཀྱི་གཞི་རིམ་བཅོས་སྐྱོང་གི་ལམ་སྲོལ་གསར་པ་བཙུགས་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་ཆེར་གཏོང། ནུས་པ་ཆེར་གཏོང་བཅས་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་བཏང་། 

མང་ཨེ་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི“གྲོས་གཞི་ཨང་དང་པོའི”ལམ་ལུགས་འཐུས་ཚང་དུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ཁྲོད་ཁྱོན་ཡོངས་སྟངས་འཛིན་དང་གཙོ་གནད་དམ་འཛིན། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྣེ་ཁྲིད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་། “སྡེ་ཁུལ་གཅིག་ལ་བཅའ་ཁྲིམས་བློ་འདྲི་གཅིག་དང་མི་དམངས་ཉེན་རྟོག་པ་གཅིག”གི་ལམ་སྲོལ་དོན་འཁྱོལ་བྱས་ནས། དུས་བཀག་ལྟར“སྡེ་ཁུལ་ཆུང་ངུར་བཅའ་ཁྲིམས་ཁྱབ་གདལ་བྱེད་པ”སོགས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། སྟོབས་ཤུགས་གཅིག་སྡུད་སྒོས་གཞི་རིམ་བཅོས་སྐྱོང་གི“བཀོད་འདོམས་པུའུ”སྟོབས་ཆེར་བཏང་། སྨན་བཅོས་ལུས་སྦྱོང་དང་སློབ་སྐྱོར་སློབ་ཁྲིད། རིག་གནས་རིག་རྩལ་སོགས་དང་བླངས་ཞབས་ཞུ་རུ་ཁག8བཙུགས་པ་དང་། ཁྱིམ་སྲོལ་དང་ཁྱིམ་ཚང་གི་སྦྱོང་བརྡར་དང་དམིགས་བསལ་ཚོགས་སྤྱི་ལ་གཅེས་སྐྱོང་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས200ལྷག་ཙམ་སྤེལ་ནས། གཞི་རིམ་བཅོས་སྐྱོང་ཞིབ་ཚགས་ཅན་དང་ཞབས་ཞུ་གནད་འཁེལ་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། 

“ཧྲུའུ་ཅིའི་ལས་དོན་ཁང”ལ་བརྟེན་ནས་ཡུལ་མིའི་རྩིས་ཐོ་དང་སྡེ་ཁུལ་གྱི་མངགས་ཐོ། ཧྲུའུ་ཅིའི་མངགས་ཐོ་དང་ལེན་བྱེད་པ་བཅས་ལག་བསྟར་བྱས་ཏེ། ཞབས་ཞུའི་དོན་ཚན་རྩིས་ཐོ་ཅན་གྱི་དོ་དམ་བྱ་ཤུགས་ཆེ་རུ་གཏོང་དགོས། སྡེ་ཁུལ་གྱིས་དང་བླངས་ཞབས་ཞུའི“སྐར་གསོག་སྒོ་རྩིས་ཚོང་ཁང”བཙུགས་ནས།  ཞབས་ཞུ་ལ་བརྟེན་ནས་སྐར་གསོག་བྱེད་པ་དང་སྐར་གསོག་ལ་བརྟེན་ནས་དངོས་རྫས་བརྗེ་བ། གྲོང་མིར“ངས་སྒྲུབ་དགོས་པ”ནས“ངས་སྒྲུབ་པར”ཁྲིད་སྟོན་བྱས་ཏེ། གཞི་རིམ་གྱིས་ཇུས་གཞི་མཉམ་འདོན་དང་མཉམ་སྐྲུན། མཉམ་བཅོས། མཉམ་སྤྱོད་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། “གསལ་བོའི་ལས་གཞི”གཏིང་ཟབ་ཏུ་སྤྱད་ནས། མིའི་གཟུགས་བརྙན་རང་འགུལ་དབྱེ་འབྱེད་དང་རླངས་འཁོར་དོ་དམ། རིག་ནུས་འགྲིམ་འགྲུལ་སོགས་མདུན་སྣེའི་ལག་རྩལ་དང་ཆ་འཕྲིན་ཅན་གྱི་ནུས་པ་རྒྱ་སྐྱེད་གཏོང་བ། གཙོ་གནད་ཁག་དང་གཙོ་གནད་ས་ཁུལ་གྱི་ལྟ་སྐུལ་དོ་དམ་དང་། རྒྱང་རིང་ལྟ་སྐུལ་ཚོད་འཛིན་མངོན་འགྱུར་བྱས་ཏེ། ས་ཁོངས་ཧྲིལ་པོར་ཁྱབ་པ་དང་དྲ་བ་ཡོངས་སུ་མཉམ་སྤྱོད་ཐུབ་པའི་འགན་ལེན་བྱས་ནས། ཧུར་ཐག་གིས་བློ་རིག་བཅོས་སྐྱོང་གི་དངོས་ཤུགས་ཆེ་རུ་བཏང་།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།