ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ལྷོ་ཁུལ་གྱིས་དངོས་གཉེར་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བར་བསྒྱུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས“དོན་དངོས”གཙོ་བོར་བཟུང་ནས། བརྗོད་དོན་སློོབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བར་བསྒྱུར། 

ཟླ9བའི་ཟླ་དཀྱིལ་ནས་བཟུང་། རྨ་ལྷོ་ཁུལ་གཞི་རིམ་ཏང་རྩ་འཛུགས་ཀྱིས“ཏང་རྩ་འཛུགས་ཀྱི་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་ལག་ལེན”དང་། “རང་གི་ལས་གནས་ལ་རང་གིས་འགན་འཁུར་བ། ང་རང་ལས་གནས་སུ་ཡོད་དུས་ཁྱེད་ཀྱིས་སེམས་ཁྲལ་བྱེད་མི་དགོས”། “ལས་གནས་སུ་གཞི་ཚུགས་ནས་བྱས་རྗེས་འཇོག་པ”ལ་སོགས་པའི་ལག་ལེན་བྱེད་སྒོ་རབ་དང་རིམ་པ་གཞི་རྟེན་དུ་བཟུང་སྟེ། ཏང་ཡོན་དཔེ་སྟོན་ཁུལ་དང་ཏང་ཡོན་གྱི་འགན་འཁྲིའི་ཁུལ། དང་བླངས་ཞབས་ཞུ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ། ཏང་ཡོན་གྱི་ཁས་ལེན་ལག་བསྟར་བྱེད་པ། ཉེ་འགྲམ་གྱི་མིག་དཔེར་སློབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པའི་སྟེང་ནས། གཞི་རིམ་ཏང་ཡོན་ལས་བྱེད་པར་སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། གཞི་རིམ་རྩ་འཛུགས་ཁྲོད་ཀྱི་བྱ་བ་བསྒྲུབ་འདོད་པ་དང་བསྒྲུབ་ཤེས་པ། བསྒྲུབ་ཐུབ་པ། བསྒྲུབ་ནས་ལེགས་འགྲུབ་བྱུང་བ་ལ་སོགས་པའི་རང་རྟོགས་བསམ་བློ་དང་རང་འགུལ་རང་རྟོགས་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ། གྲོང་ཁྱེར་དང་རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་།

ཤེས་གསལ་ལྟར་ན། མིག་སྔའི་བར། རྨ་ལྷོ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་སོ་སོས་མང་ཚོགས་ཀྱི་བསམ་འཆར་དང་རེ་བ། “བསམ་འདུན་ཆུང་ངུ”300ལྷག་ཙམ་བསྡུ་ལེན་བྱས་ནས། དང་བླངས་ཞབས་ཞུའི་ནང་ཞུགས་པའི་ཏང་ཡོན་མི་ཐེངས15962ཟིན་པ་དང་། དམངས་ལ་བྱ་བ་དངོས3400ལྷག་ཙམ་བསྒྲུབས། དེའི་ནང་ཧོ་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཤང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུ་ཟུང་འབྲེལ་བྱས་ནས། “ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད”དང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”ཞེས་པའི་བྱེད་སྒོར་དམ་འཛིན་དང་། ཏང་ཡོན་གྱི་དཔེ་སྟོན་ལས་གནས30བཙུགས་ཏེ་ཏང་ཡོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། གཞི་རིམ་བཅོས་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་རང་འགུལ་ངང་ཞུགས་པར་ཁྲིད་སྟོན་བྱས། གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱིས་རྐ་ཕུག་སྡེ་བའི་བྱ་རིགས2656གི་བྲིན་ཚོང་གནད་དོན་ལ་མཐུན་སྦྱོར་ཐག་གཅོད་བྱས་ཏེ། གྲོང་མིའི་ཡོང་འབབ་སྒོར་ཁྲི8ལྷག་ཙམ་ཇེ་མཐོར་བཏང་། རྩེ་ཁོག་རྫོང་དམངས་གཙོ་ལམ་སྡེ་ཁུལ་གྱིས“ཏང་ཀྲི་པུའུ་དང་ཏང་ཡོན། རོང་འབྲོག་ཁྱིམ་ཚང་ཟུང་འབྲེལ་བྱེད་པའི”རྣམ་པ་སྤྱད་ནས། ཏང་ཡོན་མཉམ་འབྲེལ་བྱ་ཡུལ་གྱི་ཞིང་དུད་དང་ཁོར་ཡུག་བཅོས་སྒྲིག་འགན་འཁྲིའི་འགན་གཙང་ལམ་ལུགས་ལག་བསྟར་བྱས་ཏེ། ལམ་རྒྱུད་ཀྱི་གཞུང་ལམ་དང་སྲང་ལམ། ར་སྐོར། ཁང་པ་བཅས་ལ་བཅོས་སྒྲིག་ཐེངས30ལྷག་ཙམ་བྱས་པ་དང་། གད་སྙིགས་ཏུན20གཙང་སེལ་བྱས་པ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།