ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས“སྡེ་བ་སྟོབས་ཆེན་གཏོང་བའི་སློབ་ཁང”གསར་སྐྲུན་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་རོང་འབྲོག་ཁུལ་དུ་ཁྱབ་གདལ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་བཟང་ནས་ཇེ་ལེགས་སུ་་འགྲོ་བཞིན་ཡོད་པས་ང་ཚོས་ཏང་གི་བཀའ་ལ་ཉན་པ་དང་།  ཏང་གི་བཀའ་དྲིན་ཚོར་བ།  ཏང་གི་རྗེས་སུ་འབྲང་བ།  ‘མཐུན་སྒྲིལ་སྲུང་སྐྱོང་།  བརྟན་བརླིང་སྲུང་སྐྱོང་།  འཆམ་མཐུན་སྲུང་སྐྱོང་།  བདེ་འཇགས་སྲུང་སྐྱོང’བཅས་ཀྱི་བྱ་འགུལ་དངོས་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུས་ཧྲུའུ་ལ་བཅངས་པའི་བརྩེ་སེམས་ལ་དྲིན་ལན་འཇལ་བ་དང་། སྔར་ལས་ལྷག་པར་ཆབ་སྲིད་ཀྱི་ཁུལ་ཆེན་མོ་སྣང་བརྙན་གསར་སྐྲུན་བྱེད་ཀྱིན་ཡོད”ཅེས་ཉེ་ལམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་སློབ་དཔོན་ཚོགས་པའི་བརྗོད་དོན་སློབ་གསོའི་རིགས་གཞུང་སྒྲོག་འགྲེལ་ཚོགས་འདུར་ཡུལ་དངོས་སུ། ནང་ཆེན་རྫོང་གི་ཤང་དང་གྲོང་རྡལ་སོ་སོའི་ཏང་ཡོན་དང་འབྲོག་མི113བརྗོད་དོན་སློབ་གསོའི་སློབ་སྦྱོང་ལ་ཞུགས་པ་རེད། 

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། ཡུས་ཧྲུའུ་ཁུལ་གྱིས་རོང་འབྲོག་པའི་ཏང་ཡོན་གྱི་རིག་གནས་ཆུ་ཚད་མཐོ་པོ་མེད་པའི་དོན་དངོས་ཀྱི་ཞན་ཆར་དམིགས་ནས“སྒྲོག་འགྲེལ་བྱེད་པ”གཙོ་བོར་བྱེད་པ་དང་།  “གསོ་སྦྱོང་བྱེད་པ”རམ་འདེགས་སུ་བྱེད་པ།  “སྡེ་བ་སྟོབས་ཆེན་གཏོང་བའི་སློབ་ཁང”ཁྱོན་ཡོངས་ནས་འཛུགས་པ་བཅས་མང་ཚོགས་ཀྱི་གོ་སླ་བ་དང་དང་ལེན་བྱེད་བདེ་བའི་སྐད་ཆས་སྒྲོག་འགྲེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས། ཏང་གི་གསར་གཏོད་གཞུང་ལུགས་རོང་འབྲོག་ཁུལ་དུ་གཞི་ཚུགས་པར་སྐུལ་འདེད་བྱས།

འོག་ནས་གོང་བར་འོས་སྦྱོར་བྱེད་པ་དང་གོང་ནས་འོག་བར་གདམ་གསེས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ“སྐོར་ཞིག་གདན་ཞུ་བྱེད་པ་དང་།  སྐོར་ཞིག་གདན་ཞུས་བཀོལ་སྤྱོད་བྱེད་པ་བཅས་ཀྱི་བྱེད་ཐབས་ལ་གཞིགས་ནས། སྒྲོག་འགྲེལ་དཔུང་ཁག་ལེགས་འདེམས་དང་བཀོད་སྒྲིག་བྱས་ཏེ་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འཆད་ཁྲིད་ཚོགས་པ་དང་།  མཐོ་སྒང་གི་གདོང་ལེན་དགེ་རྒན་དཔང་སྡེ།  རྫོང་རིམ་པའི་ལས་བྱེད་པ།  ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི།  ཤང་དང་གྲོང་རྡལ་གྱི་མགོ་གཙོ།  མི་རིགས་ལས་བྱེད་པའི་ཁྲོད་ནས་རྐང་འཛིན་དགེ་རྒན110བདམས་ཏེ་མི་བརྒྱ་ཐམ་པའི“སྡེ་བའི་སློབ་དཔོན་ཚོགས་པ”བཙུགས།   གུང་གཞོན་ཚོགས་པ་ནང་ཞུགས་པའི་འཆད་ཁྲིད་དགེ་རྒན་ལ་གདན་ཞུའི་ཡི་གེ་སྤྲད་ནས་གདན་ཞུའི་དུས་བཀག་ཁ་གསལ་བཟོ་བ་དང་།  སྐུལ་སློང་བྱེད་པའི་བྱ་ཐབས་བཟོ་བ།  འགུལ་རྣམ་དོ་དམ་ནན་ཏན་སྒོས་ལག་བསྟར་བྱེཔ་དང་།  གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་དོ་དམ་མཐའ་འཁྱོངས་བྱེད་པ།  བརྒྱུད་རིམ་ལ་ལྟ་སྐུལ་དང་དཔྱད་ཞིབ་དཔྱད་དཔོག་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྡེ་བ་སྟོབས་ཆེན་གཏོང་བའི་སློབ་དཔོན་དེ་རོང་འབྲོག་པའི་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི“ཟུར་ཁྲིད་པ”དང་ཏང་གི་གསར་གཏོད་རིགས་གཞུང་གི“སྒྲོག་འགྲེལ་པར”གྱུར་བར་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་སྣེ་མང་ཅན་དང་།  ལངས་གཟུགས་ཅན།  གནད་ཁེལ་ཅན་བཅས་ཀྱིས“བསམ་བློར་གླེབ་བ་དང་།  སྲིད་ཇུས་གླེང་བ།  ཁྲིམས་སྐྱོང་གླེང་བ།  མཐུན་སྒྲིལ་གླེང་བ།  སྐྱེ་ཁམས་གླེང་བ།  དཔལ་ཡོན་གླེང་བ་བཅས་བྱེད་པའི”སློབ་ཁྲིད་ནང་དོན་དྲུག་གི་སློབ་གཞི་ཇུས་འགོད་བྱས་ནས“ཤང་གྲོང་དང་།  སྡེ་བ(གཞིས་ཁུལ)དགོན་སྡེ།  ཐོན་སྐྱེད་བྱེད་པའི་ཡུལ་དངོས།  འབྲོག་ཁྱིམ་དང་གྲྭ་ཤག་བཅས་སུ་སྐྱོད་པའི”ལྔ་སྐྱོད་བྱེད་སྒོ་ནན་ཏན་སྒོས་སྤེལ་ཏེ་དམངས་ཕན་སྲིད་ཇུས་གླེང་ནས་གཞི་རིམ་ཏང་ཡོན་དང་མང་ཚོགས་ཚོར་ཁྱོན་ཡོངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བག་ཆགས་བཟང་པོ་དང་།   སྲིད་ཇུས་དང་ཏང་གཤིས་ཀྱི་བསླབ་བྱ་ཉམས་སུ་མྱོང་དུ་བཅུག  །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།