ཀྲུང་གོ་བོད་ཀྱི་དྲ་བ།

དར་ལག་རྫོང་གིས་ཆབ་སྲིད་ཀྱི་བྱང་ཚད་ལ་བརྟེན་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཅིག་གཏོད་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་བྱ་རྒྱུ་དེ་ལས་བྱེད་པའི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་སྒོས་ཆབ་སྲིད་བྱང་ཚད་ནི་ལས་བྱེད་པའི་ལྟེ་བའི་བྱང་ཚད་དང་ལས་བྱེད་པས་འགན་འཁྲི་སྒྲུབ་པའི་ཆ་རྐྱེན་གཙོ་བོ་ཡིན་པ་བློ་ལ་བརྟན་པོར་ངེས་ནས། རྒྱུགས་ལེན་གནད་འཁེལ་དང་མི་རྒྱུས་ལོན་པ། གྲུབ་འབྲས་བེད་སྤྱོད་བཅས་ཀྱི་ཐོག་ནས“ཡིག་རྒྱུགས་གང་ཞིག་ལེན་པ”དང“ཡིག་རྒྱུགས་ཇི་ལྟར་ལེན་པ”“ཇི་ལྟར་གཏོང་བའི”གནད་དོན་ལ་བརྟེན་ནས་ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་ཞིབ་ཕྲ་བྱས་ཏེ་ལྷག་བསམ་དང་སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ། བྱང་ཚད་མཐོ་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱས། 

དར་ལག་རྫོང་གིས་རྟོག་ཞིབ་ཀྱི་ནང་དོན་ཁོང་དུ་ཡང་དག་པར་ཆུད་ནས་ཆབ་སྲིད་ཀྱི་ལྷག་བསམ་དང་། ཆབ་སྲིད་ཀྱི་ངེས་ཤུགས། ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་ནུས་པ། ཆབ་སྲིད་ཀྱི་རང་གཅུན་བཅས་ཕྱོགས་ལྔའི་ཐད་ནས་འཕྲེད་ཕྱོགས་ཁོང་དུ་ཆུད་པ་དང་ཞིབ་ཕྲའི་རྟོག་ཞིབ་བྱས་པ་དང་དུས་རྒྱུན་མཉམ་འབྲེལ་ཡིག་རྒྱུགས་དང་ཡུལ་དངོས་སུ་བར་ཐག་ཉེ་བའི་ཡིག་རྒྱུགས་བརྒྱུད། ཆབ་སྲིད་བྱང་ཚད་མཐོ་བའི་ལས་བྱེད་པར་ཡིག་རྒྱུགས་བཏང་སྟེ་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ཀྱི་ཡིག་ཚགས་བཟོས་ནས་ལས་བྱེད་པའི་ཆབ་སྲིད་ཀྱི་མཚོན་ཚུལ་དང་། བྱ་དགའ་ཆད་གཅོད། དཔྱད་ཞིབ་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཟིན་ཐོར་བཀོད་པ་དང་། “རྩིས་ཁྲ་འདོན་པ་དང་ནད་བཅོས་ཟུང་དུ་འབྲེལ་བའི”དོ་དམ་བླང་བྱ་བརྒྱུད་དུས་ཐོག་ཏུ་ལྕག་སྐུལ་དང་གཅུན་འདོམས་བྱས་ཏེ་ཆབ་སྲིད་བྱང་ཚད་མཐོ་བའི་ལས་བྱེད་པ་དངོས་འབྲེལ་བཀོལ་སྤྱོད་བྱས། །

རྩོམ་སྒྲིག་པ། : ཕག་གྲུབ།