ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་སྤྱི་བདེ་ཐིང་གིས་འབྲིང་རྒྱུགས་དང་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་སྒྲུབ་པའི“ཆེད་སྤྱོད་བགྲོད་ལམ”བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲིང་རྒྱུགས་དང་མཐོ་རྒྱུགས་ཐོན་ལ་ཉེ་པས། འབྲིང་རྒྱུགས་དང་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་ལེན་པ་དང་། དུས་བཀག་ཐོན་རྗེས་ཡང་བསྐྱར་ལེན་པ། བོར་བརླག་བྱུང་བའམ་ཡང་ན་ཆག་སྐྱོན་ཤོར་བ་སོགས་ལ་གསབ་སྤྲོད་བྱ་རྒྱུ་འགན་ལེན་བྱ་ཆེད། ཞིང་ཆེན་སྤྱི་བདེ་ཐིང་བདེ་འཇགས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཞིབ་འཇུག་གཏན་འབེབས་བྱས་ནས། ཟླ5བའི་ཚེས23ཉིན་ནས་ཟླ6པའི་ཚེས30ཉིན་བར། ཞིང་ཆེན་ཡོངས་ཀྱི་འབྲིང་རྒྱུགས་དང་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་མགྱོགས་མྱུར་སྒོས་སྒྲུབ་པའི“ཆེད་སྤྱོད་བགྲོད་ལམ”བཏོད་དེ། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་མྱུར་མོར་དགོས་པའི་དགོས་མཁོ་ཐག་གཅོད་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས23ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཐོ་དང་ཐོབ་ཐང་ལག་ཁྱེར་སྒྲུབ་པའི་ཚོམས་ཆེན(མངགས་གཏོང་ཁང)སོ་སོ་རུ་འབྲིང་རྒྱུགས་དང་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་སྒྲུབ་པའི་ཆེད་སྤྱོད་སྐར་ཁུང་བཙུགས་ཏེ། སྔོན་ལ་རྒྱུགས་སྤྲོད་སློབ་མར་སྣེ་ལེན་དང་ཞིབ་བཤེར་བྱས་ནས་ཐོབ་ཐང་ལག་ཁྱེར་སྟེར་བཞིན་ཡོད།  རྫོང་དང་གྲོང་ཁྱེར། ཆུས་སོ་སོའི་བདེ་འཇགས་ཁྱིམ་སྲིད་སྡེ་ཁག་དང་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་འབྲིང་རྒྱུགས་དང་མཐོ་རྒྱུགས་རྒྱུགས་སྤྲོད་ས་ཚིགས་དང་ཟུང་འབྲེལ་བྱས་ནས། གནས་སྐབས་ཀྱི་ཞབས་ཞུའི་ས་ཚིགས་བཙུགས་ཏེ། རྒྱུགས་ལེན་སྐབས་གློ་བུར་དུ་ཐོབ་ཐང་ལག་ཁྱེར་བོར་བ་དང་ཆག་སྐྱོན་ཤོར་བ་སོགས་ལ་ཡུལ་དངོས་སུ་ཐོབ་ཐང་ཞིབ་དཔྱད་བྱས་ཏེ། གནས་སྐབས་ཀྱི་ཐོབ་ཐང་ངོ་སྤྲོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།