ཀྲུང་གོ་བོད་ཀྱི་དྲ་བ།

རྩེ་ཁོག་རྫོང་གི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

ཡོང་ཁུངས། : མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། : ཕག་གྲུ་ཡིས་བསྒྱུར།   སྤེལ་དུས། : 2023-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན“གནམ་མཐོ་ས་གཙང·སྐྱེ་ཁམས་རྩེ་ཁོག”ཅེས་པའི2023ལོའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་དུ་འཚོགས་ཤིང་། རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་ཚན་ཁག ཁེ་ལས་བཅས་ཀྱིས་འོས་སྦྱོར་ཚོགས་འདུའི་ཐོག་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག། 

རྩེ་ཁོག་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་རྨ་ལྷོ་ཁུལ་གྱི་དབུས་ལྷོའི་རྒྱུད་དུ་གནས་ཤིང་། ཞིང་ཆེན་ཡོངས་སུ་དུས་མཚུངས་སུ་རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་དང་། རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་། རྒྱལ་ཁབ་ཀྱི་བྱེ་ཐང་སྤྱི་གླིང་། རྒྱལ་ཁབ་ཀྱི་རྩྭ་ཐང་སྤྱི་གླིང་བཅས་ཡོད་པའི་རྫོང་གཅིག་པུ་དེ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་འབྲི་གཡག་དང་བོད་ལུག་གིས་གཙོ་ཁྲིད་བྱེད་པའི་ཐོན་ལས་ཀྱི་རྒྱལ་ཁབ་ཀྱི་དེང་རབས་ཞིང་འབྲོག་ལས་ཐོན་ལས་གླིང་གི་རྫོང་གཅིག་པུ་དེ་ཡིན་པ་དང་། ས་ཁོངས་ནང་གི་རང་བྱུང་མཛེས་ལྗོངས་ནི་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་ཡོད་ཅིང་། ད་ཆ་རྒྱལ་ཁབ་ཀྱིAAAAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་ཁག4དངAAརིམ་པའི་མཛེས་ལྗོངས་ཁུལ་ཁག2ཡོད།

ཉེ་བའི་ལོ་ཤས་རིང་། རྩེ་ཁོག་རྫོང་གིས་མཚོ་སྔོན་ཞིང་ཆེན་གྱི“གདུབ་གཅིག་ཁུལ་དྲུག་བར་ཁྱམས་གཉིས་གནས་མང་བའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ“ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་གཞན་དག་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི”རྫོང་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་སྤྱིའི་སྟོན་ཕྱོགས་སུ་བྱས་ནས། ཐོན་ལས་གཞན་དག་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱིས་ཞིང་ཆེན་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་དེ་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཇེ་མཐོར་བཏང་ཡོད། 

ཚོགས་འདུའི་ཐོག་རྩེ་ཁོག་རྫོང་གི་འབྲེལ་ཡོད་འགན་འཁུར་བས་དེ་གར་ཡོད་པའི་སྐུ་མགྲོན་དང་སྨྱན་སྦྱོར་ལ་ཇུས་འགོད་ཞིབ་ཚགས་བྱས་ནས་བཀོད་སྒྲིག་བྱས་པའི“རྩེ་ཁོག་ཉིན་གཉིས་ཡུལ་སྐོར”གྱི་ཡུལ་སྐོར་ལམ་ཐིག2དང་དེ་བཞིན“རྩེ་ཁོག་ཉིན་གཅིག་ཡུལ་སྐོར”གྱི་ཡུལ་སྐོར་ལམ་ཐིག2འོས་སྦྱོར་བྱས་ཤིང་། ལམ་ཐིག་དེའི་ནང་རྩེ་ཆུ་འདམ་རའི་མཛེས་ལྗོངས་ཁུལ་དང་། ཧོར་མ་ཎི་རྡོ་འབུམ། དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་རྫོང་ཁོངས་ཀྱི་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་བཅས་ཚུད་ཡོད། །

རྩོམ་སྒྲིག་པ། : ཕག་གྲུབ།