ཀྲུང་གོ་བོད་ཀྱིི་དྲ་བའི་འཕྲིན། སྔར་ལས་ལྷག་པར“12315”འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་ལས་དོན་གྱི་སྤྱི་ཚོགས་ངོས་འཛིན་ལ་ཤུགས་སྣོན་བྱ་ཆེད། ཟླ3པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་གྱི12315བདག་སྤྲོད་ཞབས་ཞུ་ལྟེ་གནས་ཀྱིས“འཛད་སྤྱོད་ཀྱི་ཡིད་ཆེས་མཐོར་འདེགས་སུ་གཏོང་བའི”འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་དོན་གཙོ་བོར་བཟུང་ནས། “3·15”སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་བ་དང་། འཛད་སྤྱོད་པའི་འཐུས་ཚབ་དང་ཁེ་ལས་ཀྱི་འཐུས་ཚབ། སྨྱན་སྦྱོར་གྱི་འཐུས་ཚབ་བཅས་བྱ་འགུལ་སྟེང་ཞུགས།
ཞིང་ཆེན12315ཞབས་ཞུ་བདག་སྤྲོད་ལྟེ་གནས་ཀྱིས་ཁ་པར་དང་དྲ་རྒྱ། འཕྲིན་ཡིག ངོ་བཅར་བཅས་ཐབས་ལམ4ལ་བརྟེན་ནས། འཚོ་བའི་འཛད་སྤྱོད་དང་འབྲེལ་བ་ཡོད་པའི་ཚོང་ཟོག་སྣ་ཚོགས་དང་ཞབས་ཞུའི་ཁྲིམས་འགལ་གྱི་བྱ་སྤྱོད་ཞུ་གཏུག་དང་ཐེར་འདོན་ཡར་ཞུ་བདག་སྤྲོད་བྱས་པ་དང་། ཁྱོན་ཡོངས་ནས་བདག་སྤྲོད་དང་བརྒྱུད་སྤྲོད། རྗེས་སྙེག མཐུན་སྦྱོར་དང་ཕྱོགས་སྡོམ། དབྱེ་ཞིབ་བཅས་འགན་ནུས6ཁྱོན་ཡོངས་ལག་བསྟར་བྱས།
བྱ་འགུལ་ཁྲོད་ལས་བྱེད་མི་སྣས་མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་པའི་བློ་འདྲི་དང་། ཞུ་གཏུག ཐེར་འདོན་བཅས་ཀྱི་བྱ་བའི་གྲངས་འཛིན་ཆེན་མོར་དབྱེ་ཞིབ་བྱས་ཏེ་འགྲེལ་བཤད་བྱས་པ་དང་། ཞུ་གཏུག་ཐེར་འདོན་གྱི་བཟོ་པའི་ཐོ་འགོད་ལ་ཡུལ་དངོས་སུ་ཐག་གཅོད་བྱེད་པའི་འཁྲབ་སྦྱོང་བྱས་པ་རེད། 2022ལོར་མཚོ་སྔོན་ཞིང་ཆེན་གྱི12315སྟེགས་བུ་བརྒྱུད་དེ་བློ་འདྲི་དང་ཞུ་གཏུག་ཐེར་འདོན་ཁྲི11.4བདག་སྤྲོད་བྱས་པ་དང་། འཛད་སྤྱོད་པའི་དཔལ་འབྱོར་ཐད་ཀྱི་གྱོང་གུན་སྒོརཁྲི1849.27མེད་པར་བཟོས་པས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཐོན་སྐྱེད་དང་ཚོང་གཉེར་ཁེ་ལས77རྒྱལ་ཡོངས་ཀྱི12315སྟེགས་བུ་ནང་ཞུགས་ནས་དྲ་ཐོག་དུ་འཛད་སྤྱོད་པའི་རྩོད་གཞི་ཐག་གཅོད་བྱེད་པ་དང་། སྔར་ལས་ལྷག་པར་འཛད་སྤྱོད་པའི་རྩོད་གཞི་རྩ་བ་ནས་ཐག་གཅོད་བྱེད་པའི་ནུས་པ་ཇེ་ཆེར་ཕྱིན་པ་དང་སྤྱི་ཚོགས་མཉམ་སྐྱོང་གི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད།
ཞིང་ཆེན121215བདག་སྤྲོད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀོན་ཁང་གིས་འཚོ་བའི་འཛད་སྤྱོད་ནི་ཆེས་རྨང་གཞི་དང་མང་ཚོགས་ལ་ཐད་ཀའི་འབྲེལ་བ་ཡོད་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་ཁྱབ་པའི་བྱ་བ་དང་འབྲེལ་བ་དམ་ཟབ་ལྡན། འཛད་སྤྱོད་པས་ཞུ་གཏུག་བྱེད་པ་དང་ཐེར་འདོན་བྱས་པ་བདག་སྤྲོད་བྱེད་པའི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ནི་དོན་དངོས་སྟེང་དམངས་འཚོ་འགན་ལེན་དང་དམངས་འཚོ་ལེགས་བཅོས་བྱེད་པའི“མཐའ་འཁྱོངས་བཟོ་འགོད”ཞིག་ཡིན་པ་དང་། ཞིང་ཆེན12315བདག་སྤྲོད་ཞབས་ཞུ་ལྟེ་གནས་ཀྱིས་སྔར་ལས་ལྷག་པར་འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་ལས་དོན་ཐད་ཤུགས་བསྣན་ནས། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱ་རྒྱུ་ཡིན་པ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་གྱི་ཁེ་དབང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན། །