ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གནད་སྨིན་ཞབས་ཞུའི་ཁེ་ལས་དང་མང་ཚོགས་ལ་ཞིང་ཆེན་ཕྱིའི་འགྲོ་ལུགས་སྒྲུབ་ཆོག་པའི་ལས་དོན་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས20ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན།  སྲིད་དོན་ཞབས་ཞུའི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ་དང་ཁེ་ལས་དང་མང་ཚོགས་ཀྱི“ཞིང་ཆེན་ཕྱིའི་འགྲོ་ལུགས་སྒྲུབ་པའི”ལས་དོན་སྒྲུབ་པའི་དགོས་མཁོ་སྔར་བས་ཡག་པོ་སྐོང་ཆེད།  ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས“ཞིང་ཆེན་ཕྱིའི་འགྲོ་ལུགས་སྒྲུབ་པའི”བྱ་བ་སྒྲུབ་པའི་ཕྱོགས་སྟོན་བཟོས་ནས་འགྲེམས་སྤེལ་བྱས་ཤིང་།  ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི“ཞིང་ཆེན་ཕྱིིའི་འགྲོ་ལུགས་སྒྲུབ་པའི”བྱ་བ་སྒྲུབ་སླ་བ་དང་སྟབས་བདེ་ཡོང་བར་འགན་ལེན་བྱས་ནས།  ཁེ་ལས་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་རྒྱུན་མཐུད་ངང་མཐོ་རུ་བཏང་། 

ཐེངས་འདིའི་གཏན་འབེབས་བྱས་པའི་ལས་སྒྲུབ་ཕྱོགས་སྟོན་ནང་ཁྲོམ་ར་གཙོ་བོའི་ཐོ་འགོད་དང་།  དམིགས་བསལ་སྒྲིག་ཆས།  དམིགས་བསལ་བཟའ་ཆས།  བཟོ་ལས་ཐོན་རྫས་གལ་ཆེན།  བརྡ་ཁྱབ།  ཚད་འཇལ་སོགས་ལས་སྒོའི་ཁྱབ་ཁོངས6གི་རྣམ་གྲངས23ཚུད་ཡོད།  ཞིབ་ཕྲའི་ནང་དོན་ནི་དོན་ཚན་གྱི་མིང་དང་།  གཞི་འཛིན་ས།  ལས་སྒྲུབ་ཆ་རྐྱེན།  རྒྱུ་ཆ་སྐྱེལ་སྟངས།  “ཞིང་ཆེན་ཕྱིའི་འགྲོ་ལུགས་སྒྲུབ་པའི”སྒྲུབ་སྟངས་དང་།  སྒྲུབ་པའི་དུས་ཚད།  དོ་སྣང་བྱ་ཡུལ།  ལས་དོན་སྒྲུབ་སའི་སྐར་ཁུང་།  འབྲེལ་གཏུག་བྱེད་སྟངས་སོགས་ཀྱི་རྒྱུ་རྐྱེན་ལས་གྲུབ་པ་ཞིག་ཡིན་ཞིང་།  ནང་དོན་ཁ་གསལ་ལ་གོ་བདེ་བ་ཞིག་ཡིན།  དེ་དང་ཆབས་ཅིག  “ཞིང་ཆེན་ཕྱིའི་འགྲོ་ལུགས་སྒྲུབ་པའི”ལས་དོན་ལག་བསྟར་བྱེད་པའི་རིམ་པ་ནི་གྲོང་ཁྱེར(ཁུལ)དང་རྫོང(ཆུས)བཅས་ཀྱི་དོན་དངོས་ལ་དམིགས་ནས།  རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་དངོས་ཡོད་ཀྱི་གནས་ཚུལ་གཞིར་བཟུང་ནས་ལས་སྒྲུབ་སྐར་ཁུང་དང་།  འབྲེལ་གཏུག་ཁ་པར།  ལྟ་སྐུལ་དང་ཞུ་གཏུག་ཁ་པར་སོགས་ཀྱི་ནང་དོན་ཁ་གསབ་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད།  གཙོ་ཆེའི་དྲ་ཚིགས་དང་།  དྲ་ཐོག་ལས་སྒྲུབ་ལས་སྟེགས།  ལས་སྒྲུབ་སྐར་ཁུང་སོགས་བརྒྱུད་དེ་དུས་ཐོག་ཏུ་རང་འགུལ་ངང་ཡོངས་བསྒྲགས་བྱས་ནས།  ཁེ་ལས་དང་ལས་སྒྲུབ་མང་ཚོགས་ཀྱི་འདྲི་རྩད་དང་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་དགོས་པའི་བླང་བྱ་བཏོན། 

རྗེས་མར།  ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས“ཞིང་ཆེན་ཕྱིའི་འགྲོ་ལུགས་སྒྲུབ་པའི”ལས་སྒོའི་བློ་འདྲི་དང་།  འདུན་ཞུའི་ཟུར་ཁྲིད།  འབྲེལ་གཏུག་མཐུན་སྦྱོར་སོགས་ཀྱི་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་མ་ཟད།  དྲ་ཐོག་གཉེར་སྒྲུབ་དང་སྦྲག་ཐོག་ནས་གཉེར་སྒྲུབ་སོགས་ཀྱི་བྱ་ཐབས་གང་ལེགས་སྤྱད་དེ།  དགོས་མཁོ་ཡོད་པའི་ཁེ་ལས་དང་མང་ཚོགས་ཀྱིས་རིམ་པ་ཁག་གི་ལས་དོན་སྒྲུབ་སྐབས“ཞིང་ཆེན་ཕྱིའི་འགྲོ་ལུགས་སྒྲུབ་ཐུབ་པའི”སྟབས་བདེ་ལོངས་སྤྱོད་གང་ལེགས་བྱས་ནས།  ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།