ཀྲུང་གོ་བོད་ཀྱི་དྲ་བ།

ཇི་སྲིད་བར་དུ་ཐོག་མའི་འགན་འཁྲི་སྲུང་ནས། དུས་རབས་ཀྱི་གཟི་དཔལ་འབར་བར་བྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a7df898b-28cc-4d13-8ac7-08bcbc1c28de.jpg

“དམར་དམག་སྡོང་བོའི”འོག་ཏུ“གསར་བརྗེའི་ལོ་རྒྱུས”བསྐྱར་དྲན་བྱས། 

9da889c9-f74c-4950-a8b4-e77f91ced310.jpg

ཏང་ཞུགས་དམ་བཅའ་བསྐྱར་འཇོག་སྒོས། ལས་འགན་གྱི་འགན་འཁྲི་སྲ་བརྟན་དུ་བཏང་། 

de6ae599-52ba-4422-9f3e-41129e6bfb38.jpg

གསར་བརྗེའི་ཤེས་བྱའི་རྒྱ་མཚོར་འཇུག་པ།

de09c42a-05de-41dc-8457-de099335ad19.jpg

ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་བྱེད་པ།

2b7be7ff-f1da-4bca-9acf-67688f0f64b7.jpg

ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་སྣེ་ཁྲིད་དེ། གྲོང་གསེབ་དར་སྤེལ་གྱི་གསོན་ཤུགས་རྒྱས་པར་བྱེད་པ། 

མཚོ་སྔོན་གསར་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་བཀླགས་ནས། ཏང་ནི་དུས་ནམ་ཡང་མཚོ་སྔོན་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་སྣེ་ཁྲིད་པའི་བརྡ་རྟགས་དེ་ཡིན། ཏང་གི་མགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་ནི་མཚོ་སྔོན་གྱིས་ནུབ་རྒྱུད་རྗེས་ལུས་ས་ཁུལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྙེགས་པའི་རྒྱལ་ཁའི་ཐབས་ལམ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཏང་གིས་ཏང་ལ་དོ་དམ་དང་། ཁྱོན་ཡོངས་ལ་གཟབ་ནན་གྱིས་ཏང་འཛུགས་སྐྱོང་བྱེད་པར་རྒྱུན་འཁྱོངས་དང་། ཏང་གི་མགོ་ཁྲིད་ལ་སྔར་ལས་ལྷག་པར་ཤུགས་བསྣན། དུས་རབས་གསར་པར་བསྐྱོད་ནས། མཚོ་སྔོན་གྱིས་གཏིང་ཟབ་སྒོས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་དང་རྩ་འཛུགས་ལམ་ཐིག་ལག་ལེན་མཐར་ཕྱིན་དང་། ཏང་གིས་མཚོ་སྔོན་ཀྱི་སྲིད་འཛིན་རྨང་གཞི་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་། 

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི“ཀྲུང་གོའི་ལོ་ངོ་བཅུ་བོ་འདི”ཞེས་པའི་བརྗོད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་གསུང་བ་ནང་བཞིན། མཚོ་སྔོན་གྱི་བྱ་བ་ལེགས་པར་བསྒྲུབ་པ་དང་། མཚོ་སྔོན་གྱི་དོན་དག་ལེགས་པར་བསྒྲུབ་པའི་རྩ་བ་ཏང་ལ་ཐུག་ཡོད། 

ལོ་ངོ་བཅུའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་མཐའ་གཅིག་ཏུ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་བྱེད་པའི་དགོངས་དོན་གལ་ཆེན་སྐོར་ལག་ལེན་དོན་འཁྱོལ་བྱས་ནས། དོན་དངོས་ཐོག་ཁྱོན་ཡོངས་ནས་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་། ཏང་གི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། བྱ་སྤྱོད། སྒྲིག་ཁྲིམས་བཅས་ཀྱི་ལམ་ལུགས་འཛུགས་སྐྲུན་དམ་འཛིན་བྱས་ནས། ཏང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་ལ་ཤུགས་སྣོན་དང་། ཏང་གི་དར་ཆ་མཐོ་སྒང་གི་ས་གཞི་ཆེན་པོའི་སྟེང་མཐོན་པོར་བསྐྱོད་དགོས། 

མཐོ་འཁྱག་འབྲོག་ཁུལ་ནས་ཙོང་ཆུའི་བར་དང་། མྱ་ངམ་བྱེ་ཐང་ནས་འདུ་འཛི་ཆེ་བའི་གྲོང་ཁྱེར་བར། མིག་སྔར། རང་རེའི་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཕུལ་བྱུང་གི་ཉམས་འགྱུར་དང་ནན་ནན་ཏན་ཏན་གྱིས་བྱ་བ་བསྒྲུབ་ནས། ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།