ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་སྐབས64པའི་དར་མ་དང་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་རའི་འཕྲིན། ཟླ9པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས64པའི་དར་མ་དང་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས། ཐེངས་འདིའི་གསོ་སྦྱོང་ནི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་། ཞིང་ཆེན་ཏང་གི་སློབ་གྲྭས་འགན་སྒྲུབ་གནང་བ་ཡིན་ལ་དུས་ཡུན་ཟླ3རེད། ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་དེ་བཞིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་། ཁེ་ལས་དང་ལས་དོན་ལས་ཁུངས་སོ་སོའི་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ39གཅིག་བསྡུས་སྒོས་གསོ་སྦྱོང་ནང་ཞུགས།

གསོ་སྦྱོང་སྐབས་སུ། སློབ་མ་རྣམས་ཀྱིས་བརྩམས་ཆོས་གྲགས་ཅན་ཞིབ་ཀློག་སྒོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྤྱི་དོན་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ཏང་གི་ལོ་རྒྱུས་རང་བཞིན་གྱི་སློབ་གསོ། འཐབ་ཇུས་དང་ཇུས་ཆོད་གལ་ཆེན། ལས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་སོགས་ལ་སློབ་སྦྱོང་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན། དེ་མིན་འཕེལ་རྒྱས་གསར་པའི་འདུ་ཤེས་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་སོགས་ཀྱི་ནང་དོན་གཙོ་བོར་བཟུང་ནས་སློབ་སྦྱོང་བྱེད་པ་དང་། ཚན་ཆུང་དབྱེ་བའི་ཞིབ་འཇུག་ཟབ་སྦྱོང་དང་། ཞིབ་ཀློག་མཉམ་སྤྱོད། འཆར་སྒོའི་ཉིན་ཐོ་འབྲི་བ་སོགས་ཀྱི་སློབ་སྦྱོང་བྱེད་ཐབས་སྤྱད་ནས། དར་མ་དང་ན་གཞོན་ལས་བྱེད་པའི་བསམ་བློའི་ཡིད་རྟོན་མུ་མཐུད་དུ་ཇེ་དྲག་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་འདིང་བ། རིག་གནས་ཀྱི་མ་ལག་ཆ་ཚང་འཛུགས་པ། ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས། དར་མ་དང་ན་གཞོན་ལས་བྱེད་པའི་ཧུར་ཐག་གི་བྱེད་ཕྱོགས་གསོ་སྐྱོང་བྱས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ལང་ཚོའི་བློ་གྲོས་དང་ནུས་ཤུགས་འདོན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།