ཀྲུང་གོ་བོད་ཀྱི་དྲ་བ།

སྐབས23པའི་ཀྲུང་གོའི·མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་སྐབས་གཉིས་པའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་ལ་ཧུར་ཐག་གིས་གྲ་སྒྲིག་བྱེད་བཞིན་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས23པའི་ཀྲུང་གོའི·མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་གཏོང་བར་དངུལ་གཏོང་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་སྐབས་གཉིས་པའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་སྟོན་ཚོགས་ཟླ7པའི་ཚེས22ནས24ཉིན་བར་ཟི་ལིང་གྲོང་ཁྱེར་དུ་ཟླ་སྒྲིལ་བྱས་ནས་འཚོགས་རྒྱུ་རེད། སྐབས་འདིའི་འགྲེམས་སྟོན་ཚོགས་འདུས“མཚོ་སྔོན་ལ་གཞི་འཛུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ། རྒྱལ་སྤྱིར་ཁ་ཕྱོགས་པ”བཅས་ཀྱི་ངེས་གནས་རྒྱུན་འཁྱོངས་དང་། “སྒོ་འབྱེད་མཉམ་ལས·ལྗང་མདོག་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ནས་འགྲེམས་སྟོན་ཚོགས་འདུ་འདི་ཉིད་ལྗང་མདོག་འཕེལ་རྒྱས་དང་གསར་གཏོད་སྣེ་ཁྲིད། སྒོ་འབྱེད་མཉམ་ལས། མཉམ་སྤྱོད་མཉམ་སྐྲུན་བཅས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ལས་སྟེགས་གལ་ཆེན་དང་། རྒྱལ་ཁབ་ཕྱི་ནང་གི་སྐྱེ་ཁམས་དཔལ་ཡོན་སྤེལ་རེས། སྐྱེ་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་དང་ཕན་ཚུན་དཔྱད་གཞིར་འཛིན་པར་གཞོལ་ནས། སྐྱེ་ཁམས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྐྱེ་ཁམས་ཐོན་རྫས་ཚོང་དོན་ལ་སྐུལ་འདེད། སྐྱེ་ཁམས་རིན་ཐང་གཞན་བསྒྱུར་མངོན་འགྱུར་བྱེད་པའི་གལ་ཆེའི་སྟེགས་བུ་ཞིག་རེད། 

ཞིང་ཆེན་ཚོང་དོན་ཐིང་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་རང་སོ་སོའི་ཐབས་ལམ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ཚོང་འགུག་འགྲེམས་སྟོན་ལས་དོན་སྤེལ་རྒྱུ། ཚོང་དོན་པུའུ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་པུའུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུའུ། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་པུའུ་ཨུ་གཙོ་བོའི་གདན་ཞུའི་ལས་དོན་ད་ལྟ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། པེ་ཅིང་དང་ཐེན་ཅིན། ཧྲན་ཏུང་། ཀྲེ་ཅང་། ཅང་སུའུ། ཀོང་ཞི། ཡུན་ནན། ཧེ་ལུང་ཅང་། བོད་ལྗོངས། ཧའེ་ནན་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)21དང་ཞང་ཀང་དང་ཐའེ་ཝན་ས་ཁུལ་འགྲེམས་སྟོན་ནང་ཞུགས་རྒྱུ་གཏན་འཁེལ་བྱས། དེའི་ནང་སྐབས་འདིའི་འགྲེམས་སྟོན་ཚོགས་འདུའི་སྐུ་མགྲོན་ཞིང་ཆེན་གཙོ་བོ་ཡིན་པའི་ཅང་སུའུ་དང་ཀོང་ཞི་ཡིས་འགྲེམས་སྟོན་ཚོགས་འདུའི་འགྲེམས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྔོན་ལ་མངགས་གཏོང་བྱས་པའི་ལས་དོན་ཚན་ཆུང་གིས་མཚོ་སྔོན་དུ་སྦྲེལ་མཐུད་མཐུན་སྦྱོར་ལས་དོན་སྤེལ། ཧྥ་རན་སེ་ཝུའེ་ལི་ཡ་ཁོར་ཡུག་ཚོགས་པ་དང་། ཧྥ་རན་སེའི་ཏའོ་ཏར་ནུས་རྒྱུ་ཀུང་སི། ཧྥ་རན་སེའི་ཧྲེ་ནའེ་ཏེ་གློག་ཤུགས་ཀུང་སི་སོགས་རྒྱལ་ཁབ་ལས་བརྒལ་བའི་ཁེ་ལས་ཆེ་གྲས་དང་། ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་སོགས་ཀྱི་རྒྱལ་ནང་གི་ཁེ་ལས་གྲགས་ཅན20ལྷག་དང་། དེ་བཞིན་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ལག་རྩལ་མཉམ་ལས་མཐུན་ཚོགས་དང་། ཀྲུང་གོའི་ཡོ་རོབ་མནའ་འབྲེལ་ཚོང་ཚོགས། བྷང་ག་ལ་ཀྲུང་གོའི་བཟོ་ཚོང་མཐུན་ཚོགས། ཞང་ཀང་ཚོང་དོན་འཕེལ་རྒྱས་ཅུའུ་སོགས་ཀྱི་རྒྱལ་ནང་གི་ཕྱི་རྒྱལ་ཚོང་པའི་མཐུན་ཚོགས་བཅས་འགྲེམས་ཚོགས་ནང་ཞུགས་རྒྱུ་གཏན་འཁེལ་བྱས་པ་རེད། 

སྐབས་འདིའི་འགྲེམས་སྟོན་ཚོགས་འདུའི་མགོ་རྩོམ་མཛད་སྒོ་ཟི་ལིང་འགྲེམས་ཚོགས་ལྟེ་གནས་ཀྱིAའགྲེམས་ཁང་དུ་འཚོགས་རྒྱུ་རེད། མགོ་རྩོམ་མཛད་སྒོ་མ་འཚོག་སྔོན་སྐབས་དགུ་པའི་མཚོ་སྔོན་པོ(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་འགྲན་སློང་འགྲན་བསྡུར་མཛད་སྒོ་འཚོག་རྒྱུ་རེད། མགོ་རྩོམ་མཛད་སྒོ་མཇུག་བསྒྲིལ་རྗེས་སྐུ་མགྲོན་གཙོ་བོའི་ཞིང་ཆེན་སྒོ་མོ་ཕྱེ་བའི་མཛད་སྒོ་དང་བོད་རུམ་འགྲེམས་སྟོན་གྱི་མགོ་རྩོམ་མཛད་སྒོ་རིམ་བཞིན་འཚོག་རྒྱུ་རེད། གཙོ་དོན་གླེང་སྟེགས་དང་སྐྱེ་ཁམས་དཔལ་ཡོན་གྱི་རྒྱལ་སྤྱིའི་གླེང་སྟེགས། “གནས་བཞི”འཛུགས་སྐྲུན་གླེང་སྟེགས་བཅས་ཀྱི་བྱ་བར་ཧུར་ཐག་གིས་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།