ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མ་འཇོག་སྡེ་ཚོགས་ཚད་ཡོད་ཀུང་སིའི་ནོར་དོན་མ་དངུལ་པུའུ་ཡི་དངུལ་གཉེར་བ་ཚུའེ་ཅེ་ཡུ་ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མ་འཇོག་སྡེ་ཚོགས་ཚད་ཡོད་ཀུང་སིའི་ནོར་དོན་མ་དངུལ་པུའུ་ཡི་དངུལ་གཉེར་བ་ཚུའེ་ཅེ་ཡུ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། ཞིང་ཆེན་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཏན་ཁེལ་བྱས་པའི་ས་གནས་སུ་དོ་དམ་བྱས་པ་བརྒྱུད། མིག་སྔར་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། 

ཚུའེ་ཅེ་ཡུའི་ལོ་རྒྱུས་མདོར་བསྡུས། 

ཚུའེ་ཅེ་ཡུ། མོ། མན་ཇུ་རིགས། 1992ལོའི་ཟླ4བར་སྐྱེས། ལུའོ་ཉིང་ཞིང་ཆེན་པེན་ཤིས་གྲོང་ཁྱེར་གྱི་མི་ཡིན། སློབ་ཆེན་དངོས་གཞིའི་བསླབ་གནས་ལྡན་པ་དང་། 2013ལོའི་ཟླ11པར་བྱ་བར་ཞུགས། 2014ལོའི་ཟླ5བར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 

2013ལོའི་ཟླ11པ་ནས2014ལོའི་ཟླ6པའི་བར་མཚོ་སྔོན་ནུབ་རྒྱུད་ཆུ་གློག་ཚད་ཡོད་ཀུང་སིའི་གསོག་འདྲེན་པུའུ་ཡི་ལས་བཟོ་བ་ཡིན།

2014ལོའི་ཟླ6པ་ནས2018ལོའི་ཟླ5བའི་བར་མཚོ་སྔོན་ནུབ་རྒྱུད་ཆུ་གློག་ཚད་ཡོད་ཀུང་སིའི་ནོར་དོན་པུའུ་ཡི་ལས་བཟོ་བ་ཡིན། 

2018ལོའི་ཟླ5བ་ནས་ད་ལྟའི་བར་མཚོ་སྔོན་ཞིང་ཆེན་མ་འཇོག་སྡེ་ཚོགས་ཚད་ཡོད་ཀུང་སིའི་ནོར་དོན་མ་དངུལ་པུའུ་ཡི་དངུལ་གཉེར་བ་ཡིན། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།