ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་གསོ་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས27ཉིན། “མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་གསོ་སྦྱོང་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་དེ་འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་ཕུགས་བསམ་དད་སེམས་སློབ་གསོའི་སློབ་གླིང་དུ་འཚོགས་པ་རེད། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ། ཀྲུའུ་རེན་གཞོན་པ་ཝང་ལི་མིང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། 

ཝང་ལི་མིང་གིས་བསྟན་དོན། འཐུས་མིའི་གསོ་སྦྱོང་ནི་འཐུས་མིའི་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། འཐུས་མིའི་མི་དམངས་ཀྱི་མགྲིན་ཚབ་པ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། སློབ་གླིང་གིས་ཐེངས་འདིའི་སྒོ་བྱང་འགེལ་བ་དེ་གོ་སྐབས་སུ་བརྩིས་ནས། མགོ་ཚུགས་ས་གསར་བར་རྐང་འཛུགས་པ་དང་། རྣམ་པ་གསར་བསྐྲུན། ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུ་བྱེད་པ། ནང་དོན་ཕུན་ཚོགས་དང་རྣམ་པ་གསར་སྐྲུན་བཅས་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བྱ་བ་སྔར་ལས་ཚད་ལྡན་དང་ཁྱད་ཆོས་ལྡན་པ། སྔར་ལས་གྲུབ་འབྲས་ལྡན་པ་བཅས་བྱས་ཏེ། རྟེན་གཞི་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་དཔེ་མཚོན་རྟེན་གཞི་རུ་འཛུགས་སྐྲུན་བྱེད་དགོས།

ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་ཕུགས་འདུན་དད་སེམས་སློབ་གསོའི་སློབ་གླིང་སོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་བཅས་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།