ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་ཉེན་སྲུང་གསབ་འཇུག་གི་མཛད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་ཉེན་སྲུང་གསབ་འཇུག་མཛད་སྒོ་ཡུས་ཧྲུའུ་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ནས་སྤེལ་བ་དང་། ཡུལ་དངོས་སུ་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་ཐེབས་པའི་འབྲོག་པའི་འཐུས་ཚབ་གསུམ་ལ་གསབ་འཇུག་བྱས། 

ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་དུ་ཆེར་སྐྱེད་པ་ནས་བཟུང་། སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱུང་བ་དང་། ཁུལ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་རིགས་སྣ་ཚོགས་རང་བཞིན་གྱིས་སླར་གསོ་དང་གོང་དུ་འཕེལ་ཞིང་། རི་སྐྱེས་སྲོག་ཆགས་ཀྱི་དོན་རྐྱེན་ཡང་མང་དུ་བྱུང་བས། འདིར་དམིགས་ནས་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རོང་འབྲོག་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་ཡིན་པའི་དངོས་ཡོད་དཀའ་ཁག་དང་གནད་དོན་ཐག་གཅོད་པ་དེ་མགོ་རྩོམ་ས་དང་གཞིར་འབེབས་སར་བྱས་ཏེ། བྱ་བའི་བྱེད་ཐབས་གསར་གཏོད་སྒོས། ཞིང་ཆེན་ཡོངས་སུ་ཐོག་དང་པོར་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་འགན་འཁྲི་ཉེན་སྲུང་གསབ་འཇུག་ལམ་སྲོལ་གྱི་ཚོད་ལྟའི་བྱ་བ་སྤེལ་བར་སྐུལ་འདེད་བཏང་། 

ན་ནིང་ནས་བཟུང་། ཡུས་ཧྲུའུ་ཁུལ་ནགས་རྩྭ་ཅུའུ་ཡིས་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཀྲུང་གོའི་མི་དམངས་རྒྱུ་ནོར་འགན་སྲུང་མ་རྐང་ཚད་ཡོད་ཀུང་སི་ཡུས་ཧྲུའུ་ཡན་ལག་ཀུང་སི་དང་མཉམ་དུ་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་ཉེན་སྲུང་གསབ་འཇུག་ལམ་སྲོལ་འཚོལ་ཞིབ་ཀྱིས་སྐུལ་འདེད་བཏང་བར་མ་ཟད། སྒོར་ཁྲི236བཏང་ནས་ཁུལ་ཡོངས་ཀྱི་རོང་འབྲོག་པ་མང་ཚོགས་ཁྲི37.8ཉེན་སྲུང་ཁྱབ་ཁོངས་སུ་བསྡུས། ལོ་གཅིག་གི་རིང་ལ། རིམ་རྩིས་ལྟར་ན་རི་སྐྱེས་སྲོག་ཆགས་ཀྱིས་མི་ལུས་རྒྱུ་ནོར་ལ་གནོད་འཚེ་བཟོས་པའི་ཉེན་སྲུང་གསབ་འཇུག201བསྒྲུབས་པ་དང་། སྒོར་ཁྲི123གྱི་གསབ་དངུལ་སྤྲད། རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་ཉེན་སྲུང་གསབ་འཇུག་སྲིད་ཇུས་དངོས་འབེབས་བྱས་པ་དེས། རི་སྐྱེས་སྲོག་ཆགས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་མི་ལུས་རྒྱུ་ནོར་ལ་བཟོས་པའི་གྱོང་གུད་ཕན་ནུས་ལྡན་པར་ཇེ་དམར་བཏང་བར་མ་ཟད། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྔར་ལས་ལྷག་པར་སྐུལ་འདེད་བཏང་། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།