ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཧུང་ཡས་དཔའ་བོའི་དཔེ་བཟང་གི་བསམ་བློར་བརྩི་བཀུར་བྱེད་པ་ནི་རང་གི་འགན་འཁྲིའི་བྱ་བ་ལེགས་པར་བསྒྲུབ་པའི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་དགོས་པར་ནན་གྱིས་བསྟན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧུང་ཡས་ཆེད་དོན་ཚོགས་འདུ་ལ་མགོ་འཛིན་གནང་ནས། རྒྱལ་ཡོངས་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོའི་དཔེ་བཟང་གི་བྱས་རྗེས་འཇོག་མཁན་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་རེད།

ཚོགས་འདུའི་སྟེང་བླང་བྱ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་བསླབ་བྱ་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་བྱས་ནས། བརྩེ་སེམས་ཟབ་མོ་དེ་ལས་དོན་སོ་སོ་ལེགས་པོར་བསྒྲུབ་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་པ་དང་། རྒྱ་ཆེའི་མི་དམངས་ཉེན་རྟོག་ལས་རོགས་རྣམས་ཀྱིས་སྔོན་ཐོན་མིག་དཔེར་འཛིན་དགོས་པའི་འབོད་སྐུལ་བཏང་ནས། སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་རྒྱ་ཁྱབ་ངང་འཕྱུར་བར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཉེན་རྟོག་པའི་སེམས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་དང་ངར་ཤུགས་འཕེལ་བར་བྱས་ནས། འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་རང་འགུལ་གྱིས་འབད་འབུངས་ཡར་བརྩོན་བྱེད་པ། དུས་རབས་གསར་པ་འཛུགས་སྐྲུན་ལ་བྱས་རྗེས་འཇོག་པ་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། 

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བློ་བརྟན་འགྱུར་མེད་སྒོས་དུས་རབས་གསར་པའི་ཉེན་རྟོག་པའི་དཔུང་སྡེ་འཛུགས་པ་དང་ཉེན་རྟོག་བདེ་སྐྱོང་བྱེད་པའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་བར་མུ་མཐུད་དུ་ཤུགས་སྣོན་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལམ་སྲོལ་ནན་སྲུང་བྱེད་པ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྤྱི་བདེའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ“ཁྱོན་ཡོངས་གཉིས”བློ་ལ་འཆང་བ། “རྒྱལ་དོན་ཆེན་མོ”དང“ཞིང་ཆེན་གྱི་དོན་ཆེན་”ཡིད་ལ་འཆང་བ། བརྟན་འཇགས་རྒྱུན་འཁྱོངས་བྱེད་པ་གཙོ་བོར་འཛིན་པ། མ་མཐའི་བསམ་གཞིགས་དང་ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་“ཉེན་ཁ་སྔོན་འགོག་དང་གནོད་འཚེ་སེལ་བ། གྱོད་དོན་ཇེ་ཉུང་དུ་གཏོང་བ། བདེ་འཇགས་སྲུང་བ”བཅས་དང་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་གཅིག་གྱུར་གྱིས་རྩད་བཤེར་དང་མེད་པར་བཟོ་བའི་ཆེད་དམིགས་བྱ་སྤྱོད་ལ་སྐུལ་འདེད་བཏང་་ནས། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། བརྟན་བརླིང་སྲུང་སྐྱོང་བཅས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པར་དམ་འཛིན་ནན་མོ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བདེ་འཇགས་དང་བརྟན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་ཅིག་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།