ཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་བཀྲ་ཤིས་ཀྱིས་དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་འཚམས་འདྲི་བྱས་པ་མ་ཟད་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལས་ཁུངས་ཀྱི་ལས་བྱེད་པ་དང་བཞུགས་མོལ་བརྗེ་རེས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་འཚམས་འདྲི་བྱས་པར་མ་ཟད། མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལས་ཁུངས་ཀྱི་ལས་བྱེད་པ་དང་བཞུགས་མོལ་བརྗེ་རེས་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་བཅས་སོ་སོར་བཞུགས་མོལ་ལ་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་སོ་སོར་དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་མ་ཟད། ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་ཐད་ཀྱི་བསམ་ཚུལ་བསྡུ་ལེན་བྱས། མགོན་པོ་བཀྲ་ཤིས་ཀྱིས་དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནི་སྲིད་གྲོས་ཀྱི་ཟབ་ཞུགས་སྡེ་ཁག་ཡིན་པའི་ཆ་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར། ཁེ་ལས་འབྲིང་ཆུང་ཕྲན་གསུམ་འཕེལ་རྒྱས་སུ་གཏོང་བ། རིམས་ནད་འགོག་སྡོམ་སོགས་ལ་རོགས་འདེགས་བྱེད་པའི་ཕྱོགས་ནས་སྤེལ་བའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ནམ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་བྱས་པ་དང་། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ལ། འགན་འཁྲི་ལག་བསྟར་བྱས་ཏེ། བྱ་བའི་གྲུབ་འབྲས་བཟང་བོ་བླངས་ནས། རང་ཞིང་གི་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་བཞག་ཡོད།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རྒྱུན་མཐུད་ངང་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་ཟབ་ཏུ་གཏོང་བ་དང་། མཐུན་སྒྲིལ་འབད་བརྩོན་གྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་བརྟན་པོ་འཛུགས་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཁས་ལེན་དང་གཞུང་ལུགས་ཁས་ལེན། བརྩེ་སེམས་ཀྱི་ཁས་ལེན་ཇེ་དྲག་ཏུ་བཏང་སྟེ། གཏན་ཁེལ་གཉིས་བརྩི་སྲུང་བྱེད་པ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ལག་ལེན་མཁན་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག སྲིད་གྲོས་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། སེམས་ཁ་གཅིག་ལ་ཕྱོགས་པ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྲིད་ཞུགས་མང་པོ་བྱེད་པ་དང་སྲིད་ཞུགས་བཟང་བོ་བྱེད་པ། སྲིད་གླེང་བཟང་བོ་བྱེད་པ། སྲིད་ཞུགས་ཏང་གི་ནུས་པ་འདོན་སྤེལ་བྱས་ནས། བློ་འདོན་ཇུས་འབུལ་བྱེད་པ་དང་དཀྱིལ་སྙིང་ལ་ཞབས་འདེགས་ཞུ་བའི་ཟབ་ཞུགས་པ་བྱེད་དགོས། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། གསར་བཞི་བཟང་གསུམ་གྱི་རེ་བ་ལག་བསྟར་བྱེད་པ། ནུས་པ་ལྔ་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འབྲེལ་འདྲིས་བྱེད་པ། རང་སྟེང་འཛུགས་སྐྲུན་བཟང་བོ་བྱེད་པའི་དངོས་གཉེར་པ་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ཀྱིས་དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྲིད་ཞུགས་སྲིད་གླེང་བྱེད་པའི་ཐད་འགན་སྒྲུབ་སྟེགས་བུ་འཛུགས་པ་དང་། ཆ་རྐྱེན་སྔར་ལས་མང་པོ་བསྐྲུན་པ། སྟབས་བདེ་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས། མཉམ་དུ་དུས་རབས་གསར་བའི་རང་ཞིང་གི་མི་དམངས་སྲིད་གྲོས་ལས་དོན་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཉིན་རྒྱུན་རང་བཞིན་གྱི་འབྲེལ་འདྲིས་བརྗེ་རེས་རྐྱེན་སྲོལ་འཛུགས་པ་དང་། དུས་ཐོག་ཏུ་དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཡར་ཞུ་བྱས་པའི་གནད་དོན་དང་དཀའ་གནད་ལ་རྒྱུས་ལོན་དང་མཐུན་སྦྱོར་ཐག་གཅོད་བྱས་ཏེ། ཚང་མར་བྱ་བའི་ཆ་རྐྱེན་བཟང་བོ་བསྐྲུན་དགོས། དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་སྲིད་གྲོས་ཀྱི་སྟེགས་བུ་རྒྱབ་རྟེན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་བྱ་བར་དམིགས་ནས། རྒྱལ་སྲིད་བཅོས་སྐྱོང་ཐད་བློ་འདོན་ཇུས་འབུལ་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་བྱ་བ་བཟང་བོར་བསྒྲུབ་སྟེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།