ཀྲུང་གོ་བོད་ཀྱི་དྲ་བ།

2025ལོར་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་ཁེབས་ཚད8%ཡན་ལ་བསླེབ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བ་བསྐྲུན་པའི་ནགས་རྩའི་འགུལ་སྐྱོད་འཆར་གཞི》(གཤམ་དུ《འགུལ་སྐྱོད་ཇུས་གཞི》ཞེས་བསྡུ་རྒྱུ)དངོས་སུ་ཁྱབ་བསྒྲགས་བྱས། 《འགུལ་སྐྱོད་ཇུས་གཞི》ལྟར་ན། 2025ལོར་བསླེབ་དུས་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་ཁེབས་ཚད8%ཡན་དང་ནགས་ཚལ་གྱི་གསོག་གྲངས་སྨི་རྒྱ་དཔང་གྲུ་བཞི་མ་ཁྲི5300ལ་བསླེབ་རྒྱུ་རེད།

《འགུལ་སྐྱོད་ཇུས་གཞི》ལ་བསྡོམས་པས་ཁག་གསུམ་དབྱེ་ཡོད་ཅིང་། དུས་ཡུན་ཐུང་ངུའི་དམིགས་འབེན་དང་དུས་ཡུན་འབྲིང་རིང་གི་དམིགས་འབེན་ལག་བསྟར་བྱས་པ་བརྒྱུད། རང་ཞིང་གི་རྩྭ་ཐང་དང་བརླན་ས། ནགས་ཚལ། འཁྱགས་རོམ། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་ཕན་འབྲས་ལྡན་པའི་ངང་ནས་སླར་གསོ་དང་ཡོངས་སུ་ལེགས་བཅོས་བྱུང་བ་མངོན་འགྱུར་བྱས་ཏེ། རྩྭ་ས་ཞན་འགྱུར་འཕེལ་ཕྱོགས་ལ་སྔར་ལས་ལྷག་པར་བཀག་འགོག་བྱེད་ཐུབ་པ་དང་། ནགས་ཚལ་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་བ། ཆུ་གཟུགས་དང་བརླན་སའི་སྐྱེ་ཁམས་མ་ལག་སྤྱིའི་ཆ་ནས་སླར་གསོ་བྱུང་ནས། ལྟག་ཆུ་བསྐྱིལ་གསོག་དང་བཞུར་རྒྱུད་ཀྱི་ཆུའི་འདོན་སྤྲོད་ནུས་བ་རྒྱུན་མཐུད་ངང་མཐོར་འདེགས་བྱུང་ནས། མཐོ་སྒང་གི་སྐྱེ་ཁམས་མ་ལག་སྒྲིག་གཞིའི་འཐུས་ཚང་རང་བཞིན་དང་བྱེད་ནུས་བརྟན་བརླིང་རང་བཞིན་མངོན་གསལ་གྱིས་ཇེ་མཐོར་སོང་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ནུས་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། ནགས་རྩྭའི་སྐྱེ་ཁམས་བཅོས་སྐྱོང་ཆུ་ཚད་དང་ནུས་པ་མངོན་གསལ་གྱི་མཐོར་འདེགས་བྱུང་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་གནས་སྟངས་གསར་བ་ཐོག་མར་གྲུབ་སྟེ། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མིག་དཔེ་རུ་གྱུར་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།