ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ཉིན། མཚོ་སྔོན་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་རང་བྱུང་སློབ་གསོའི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་ཏ་ཐུང་པེ་ཁྲོན་ཆུ་བོའི་འབྱུང་ཁུངས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རང་བྱུང་སློབ་གསོ་སྤེལ་མགོ་བརྩམས་པའི་ཚོགས་ཆེན་འཚོགས་པ་རེད།
མཚོ་སྔོན་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་རང་བྱུང་སློབ་གསོའི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་ནི་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་ཞིང་ཆེན་ཁོར་ཡུག་སློབ་གསོའི་མཐུན་ཚོགས་ཀྱིས་ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭ། སྤྱི་ཕན་ལས་ཁུངས་དང་རང་བྱུང་སློབ་གསོ་གཉེར་བའི་ཁེ་ལས་ཁྲོད་རྩྭ་ཐང་དང་བརླན་ས། ནགས་ཚལ་སོགས་སྐྱེ་ཁམས་མ་ལག་དང་སྐྱེད་ཚལ། རང་བྱུང་སློབ་གསོ། ས་གཤིས་བརྟག་དཔྱད། སློབ་གསོ་སོགས་སློབ་ཚན་གྱི་ཆེད་མཁས་པ55ཞིབ་འབྱེད་གདམ་གསེས་བྱས་ཏེ། མཚོ་སྔོན་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་རང་བྱུང་སློབ་གསོའི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གྲུབ་པ་རེད།
ཐེངས་འདིའི་ཚོགས་ཆེན་ལ་ཞུགས་པའི་ཆེད་མཁས་པས་བསྟན་དོན། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་འདོན་སྤེལ་གང་ལེགས་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པས་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་བྱ་བར་མཛུབ་སྟོན་གནང་ནས། རང་བྱུང་སློབ་གསོའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པ་དང་རྣམ་པ་སྔར་ལས་སྣ་མང་། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ། སློབ་གསོ་སྔར་ལས་གསོན་ཉམས་ལྡན་པ། སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་བ། གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་རང་བྱུང་སློབ་གསོའི་མ་ལག་ཅན་གྱི་འཛུགས་སྐྲུན་གསར་གཏོད་བྱེད་པར་རང་ཉིད་ཀྱི་ནུས་ཤུགས་འདོན་རྒྱུ་ཡིན་ཟེར། །