ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བཀོད་འདོམས་པུའུ་ཡི་ཛ་དྲག་བརྡ་ཁྱབ།
(ཨང15བ)
ཟླ3པའི་ཚེས9ཉིན་གྱི་ཆུ་ཚོད11པར། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཅན1ངོས་བཟུང་པས། ད་ལྟ་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
ཀྲང་ཆེ་གེ་མོ།(ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཅན་གྱི་མི་སྣ་དང་པོ) སྐྱེས་པ། ལོ32ཡིན། ད་ལྟ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཧིང་ཏ་མིང་ཏུའུ་ཐོག་བརྩེགས4པར་བསྡད་ཡོད་ལ། མཁར་ནུབ་ཁུལ་ཝན་ཏ་ཡི་གཞུང་སྒྲུབ་ཐོག་ཁང་བཞི་པར་ལས་གཉེར་བྱེད་བཞིན་ཡོད། ཟླ3པའི་ཚེས6ཉིན། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཧུང་ཀུའུ་ཆུས་ཧའེ་ཧྲི་ཝན་གྲོང་རྡལ་དུ་གཉེན་ཉེར་ཐུག་འཕྲད་བྱས་ཏེ་ཟི་ལིང་དུ་ཕྱིར་ལོག ད་ལྟ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད།
མིག་སྔར། པྲོག་གསར་གློ་ཚད་རིམས་ནད་ཀྱི་བརྟག་དཔྱད་ཚད་ལེན་གདགས་གཤིས་ཡིན་པའི་མི་སྣར་འབྲེལ་ཡོད་རིམས་ནད་རིག་པའི་བརྟག་དཔྱད་དང་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན། ཉེ་བཅར་འབྲེལ་ཐུག་བྱེད་མཁན་དག་ལ་རྗེས་སྙེགས་དང་དོ་དམ་ཚོད་འཛིན་བྱེད་པའི་ལས་དོན་སྤེལ་བཞིན་ཡོད།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བཀོད་འདོམས་པུའུ།
2022ལོའི་ཟླ3པའི་ཚེས9ཉིན།