ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས《ཞིབ་དཔྱོད་ཉིན་རེའི་ཚགས་པར》དང《མི་དམངས་ཁྲིམས་ཁང་གི་ཚགས་པར》གྱི་བཅར་འདྲི་དང་ལེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས《ཞིབ་དཔྱོད་ཉིན་རེའི་ཚགས་པར》དང《མི་དམངས་ཁྲིམས་ཁང་གི་ཚགས་པར》གཉིས་ཀྱི་བཅར་འདྲི་དང་ལེན་བྱས། ཝང་ཅན་ཅུན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་བཅའ་ཁྲིམས་ལྟ་རྟོག་གི་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། སྔར་ལས་སྟོབས་དང་ལྡན་པའི་ཁྲིམས་འཛིན་གྱི་འགན་སྲུང་འདོན་སྤྲོད་བྱེད་པ་སོགས་ཀྱི་བརྗོད་གཞིར་དམིགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གཟི་བརྗིད་ཀྱི་འགན་འཁྲི་དང་མཚོ་སྔོན་ཁྲིམས་ཁང་གིས“ཆེ་ཕྱོགས་གཉིས”ལ་རྐང་འཛུགས་པ། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་ཉར་ནས་ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་ནན་ཏན་གྱི་ཁྲིམས་སྐྱོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་འགན་འཁྲི་གལ་ཆེན་ཁུར་བ་སོགས་ཀྱི་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།