ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས8ཉིན། རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་གོའི་འབོད་སྒྲ2022ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དམིགས་བསལ་ལེ་ཚན《ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མཇལ་མོལ་ཚོམས་ཆེན》ཞེས་པའི་བཅར་འདྲི་དང་ལེན་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན།
“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་གྲུབ་འབྲས་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་གསོན་ཉམས་ལྡན་པར་ལག་ལེན་དང་། མི་རྣམས་ཀྱིས་རི་ཀླུང་ལ་གནོད་སྐྱོན་མ་བཟོས་ན། རི་ཀླུང་གིས་མིའི་རླབས་ཆེའི་བྱ་གཞག་གཏན་ནས་གཏོང་ཟད་དུ་མི་གཏོང་།” “ན་ནིང་ནས་བཟུང་ང་ཚོས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་བོད་ས་མཐོ་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆེད་མངགས་ཀྱིས་བྱ་སྤྱོད་ཀྱི་ཇུས་གཞི་ཞིབ་འཇུག་དང་གསར་བཟོས་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་ལེན་བྱེད་པའི་མཐོ་ས་བསྐྲུན་པ་དེ་སྤྱི་འདོམས་སུ་བྱས་ནས། ‘མཐོ་ས་གསར་བ་བདུན’གསར་འཛུགས་ཀྱི་བསམ་བློའི་བྱེད་ཐབས་བཏོན།” ཞིན་ཁྲང་ཞིང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་ནས་མགོ་བརྩམས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་དོན་སྙིང་གལ་ཆེན་དང་། བྱེད་ཐབས་ཀྱི་ཕན་འབྲས། ཉམས་མྱོང་འཚོལ་ཞིབ་བཅས་ཀྱི་སྐོར་བརྗོད་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་བསམ་ཕྱོགས་དང་བྱེད་ཐབས་ངོ་སྤྲོད་བྱས། །