ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་ཡོན་རིན་ཆེན་རྣམ་རྒྱལ་གྱིས་མཚོ་སྔོན་དུ“ཆུའི་སྐྱེ་ཁམས་ཁ་གསབ་ཚོད་ལྟའི་ཞིང་ཆེན”འཛུགས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དྭངས་གཙང་ཆུ་བོ་ཤར་དུ་རྒྱུག་པར”འགན་ལེན་བྱེད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་གནང་བའི་ལས་འགན་གལ་ཆེན་ཞིག་རེད། མཚོ་སྔོན་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་དོ་དམ་བཟང་པོ་དང་སྲུང་སྐྱོང་བཟང་པོ། བེད་སྤྱོད་བཟང་པོ་བཅས་བྱ་རྒྱུ་ནི་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་བདེ་འཇགས་དང་རྒྱུན་སྲིང་གསར་སྤེལ་བེད་སྤྱོད་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་གྱི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རིན་ཆེན་རྣམ་རྒྱལ་གྱིས་མཚོ་སྔོན་ཞིང་ཆེན་དུ“ཆུའི་སྐྱེ་ཁམས་ཁ་གསབ་ཚོད་ལྟའི་ཞིང་ཆེན”འཛུགས་པའི་གྲོས་གཞི་བཏོན།

རིན་ཆེན་རྣམ་རྒྱལ་གྱིས་རྒྱལ་ཁབ་ཀྱིས་མཚོ་སྔོན་དུ་ཆུའི་སྐྱེ་ཁམས་ཁ་གསབ་ཚོད་ལྟའི་ཞིང་ཆེན་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་དང་། སྐྱེ་ཁམས་ཁམས་ཁོར་ཡུག་གནོད་སྐྱོན་ཁ་གསབ། གཉེར་སྐྱོང་གསར་སྤེལ་གྱི་མ་དངུལ་བསྡུ་སྒྲིལ། སྐྱེ་ཁམས་ཐོན་ཁུངས་ཁེ་དབང་གི་ཉོ་ཚོང་སོགས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ་ས་གནས་འཕེལ་རྒྱས་ཀྱི་གོ་སྐབས་དང་མ་གནས་ཁ་གསབ་དང་། ས་གནས་ནོར་སྲིད་གྱོང་གུན་ཁ་གསབ། མང་ཚོགས་ཀྱི་ཡོང་འབབ་གྱོང་གུན་ཁ་གསབ། ཆུའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་སོགས་རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་འཛུགས་དགོས། རྒྱལ་ཁབ་ཀྱིས་ཆུ་བེད་ཆེད་དམིགས་གཏོང་སྤྲོད་སྤོ་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་བེད་བཟོ་སྐྲུན་འཆར་འགོད་མ་དངུལ་དང་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆེད་སྤྱོད་ཁ་གསབ་མང་དུ་གཏོང་བའི་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།