ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ནན་ཏན་གྱིས“ཆེས་མཐོ་གཉིས”ཀྱིི་བྱ་བའི་སྙན་ཞུ་ལ་བགྲོ་གླེང་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན16གིས་རང་རང་གི་ཚན་ཆུང་གྲོས་ཚོགས་སུ་ཞུགས་ནས། ནན་ཏན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་བགྲོ་གླེང་གནང་། མགོན་པོ་བཀྲ་ཤིས་དང་ལིའུ་ཐུང་ཏི་ཨུ་ཡོན་རྣམ་གཉིས་ཀྱི་གཏམ་བཤད་གནང་བ་དང་། རྡོ་རྗེ་རབ་བརྟན་དང་རིན་ཆེན་རྣམ་རྒྱལ། ཝང་ཞོན། ཏུའུ་ཏི་ཀྲི། མཱ་ཀྲི་ཝེ་སོགས་ཨུ་ཡོན་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།