ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཚྭ་འདམ་གཤོང་སའི་ལིན་ཧུའུ་ས་ཁུལ་ལ་ཕུལ་དུ་བྱུང་བའི་གནམ་དཔྱད་སྟེགས་བུ་འཛུགས་སྐྲུན་བྱེད་རྒྱུ་ནི་བསྡུར་ཐབས་བྲལ་བའི་ལེགས་ཆ་ཞིག་དང་། རང་རྒྱལ་གྱི་ས་ངོས་ལྟ་དཔྱད་ཚད་འཇལ་ཆེས་ལེགས་པའི་ས་ཁུལ་གྱི་གྲས་གཅིག་རེད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་ཐེངས་ལྔ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པས། མཚོ་སྔོན་ལིན་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་འཇལ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་ལིན་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་འཇལ་རྟེན་གཞི་འཛུགས་སྐྲུན་གྱིས་མ་འོངས་པར་འོད་རིག་ཆེ་གྲས་དང་དམར་ཕྱིའི་ལྟ་ཞིབ་ཚད་འཇལ་སྒྲིག་བཀོད་ཞིབ་བཟོ་དང་རྒྱལ་སྤྱིའི་མཉམ་ལས་བྱེད་པར་ཧ་ཅང་གལ་ཆེ་བ་དང་། ཀྲུང་གོ་དང་ཐ་ན་འཛམ་གླིང་གི་གནམ་དཔྱད་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་བཤད་ལ། ལིན་ཧུའུ་རྒྱལ་ཁབ་ཚན་རིག་རྨང་གཞིའི་སྒྲིག་ཆས་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་གྱི་གདམ་བྱའི་སྟེགས་བུའི་ནང་བཅུག་ནས་སྲིད་ཇུས་དང་རྣམ་གྲངས། མ་དངུལ། ཚན་རིག་ཁྱབ་གདལ། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་ལིན་ཧུའུ་དེ་རྒྱལ་ཁབ་ཕྱི་ནང་གི་ཚན་རིག་སྒྲིག་ཆས་སྣ་ཚོགས་དང་སྦྲེལ་མཐུད་ཀྱིས་གཞིས་ཆགས་པའི་འཛམ་གླིང་རིམ་པའི་གནམ་དཔྱད་ལྟ་ཞིབ་ཚད་འཇལ་རྟེན་གཞི་དང་། གནམ་དཔྱད་ཐོན་ལས་རྟེན་གཞི་རྩེ་གྲ། རྒྱལ་སྤྱིའི་ཡུལ་སྐོར་བྱེད་ཡུལ་བཅས་སུ་བསྐྲུན་པའི་རེ་བ་ཡོད་ཅེས་བཤད། །