ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་བྱ་བའི་སྙན་ཞུར་འབུལ་སྐབས་ནུས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱས་ནས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས་ཤིང་། ཞིང་ལས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་བསྒྱུར་དང་ཤུགས་བསྣན་ཏེ། དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་མཐུན་ངང་སྐུལ་འདེད་གཏོང་བ་དང་ཞིང་ལས་ལོ་ལེགས་དང་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ཞེས་བསྟན།
རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཇི་ལྟར་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་འཕེལ་རྒྱས་སུ་བཏང་སྟེ། ཕྱོགས་ཡོངས་ནས་ཞིང་ལས་སྟོབས་འབྱོར་ལྡན་པ་དང་ཞང་གྲོང་མཛེས་སྡུག་ལྡན་པ། ཞིང་བ་འབྱོར་ཕྱུག་ལྡན་པར་གཏོང་རྒྱུ་ནི་མཚོ་སྔོན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་གྲོས་བསྡུར་བྱེད་པའི་བརྗོད་བྱར་གྱུར། །