ཀྲུང་གོ་བོད་ཀྱི་དྲ་བ།

ཐང་ཏའོ637ཁམས་གསེང་རིག་གནས་གནས་སྐོར་སྲང་ལམ་དེ་རྒྱལ་ཁབ་རིམ་པའི་གནས་སྐོར་ཁམས་གསེང་སྲང་ལམ་སྐོར་ཐེངས་ཐོག་མའི་ཁྲོད་ཚུད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས9ཉིན། རིག་གནས་དང་གནས་སྐོར་པུའུ་གཞུང་སྒྲུབ་ཐིང་གིས་རྒྱལ་ཁབ་རིམ་པའི་གནས་སྐོར་ཁམས་གསེང་སྲང་ལམ་སྐོར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཐང་ཏའོ637ཁམས་གསེང་རིག་གནས་གནས་སྐོར་སྲང་ལམ་དེ་རང་ཞིང་གི་བདམས་ཐོན་ཁྲོད་ཚུད་པའི་སྲང་ལམ་གཅིག་པུར་གྱུར།

རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་ས་གསར་སྐྲུན་བྱེད་པ་དང་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་གནས་སྐོར་ལྗོངས་རྒྱུ་དང་། ཁམས་གསེང་དགོས་མཁོ་བསྐོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་ཡིད་ཚིམས་ཚད་མཐོ་རུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་གྱིས་རིག་གནས་བརྗོད་དོན་མངོན་པར་གསལ་ཞིང་ས་གནས་ཁྱད་ཆོས་ལྡན་པ། གནས་སྐོར་ཁམས་གསེང་དང་རིག་གནས་མྱོང་རོལ། གནས་སྐོར་སྤྱི་བའི་ཞབས་ཞུའི་བྱེད་ནུས་ལྡན་པ། ལྗོངས་རྒྱུ་དང་བཟའ་བཏུང་། རོལ་རྩེད། ཉོ་བསྡུ། ཞག་འདུག ཁམས་གསེང་བཅས་གཞི་གཅིག་ཅན་གྱི་གནས་སྐོར་ཁམས་གསེང་སྲང་ལམ་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། དེའི་ཁྲོད་ཀྱི་ཐང་ཏའོ637ནི་ཐང་བོད་གནའ་ལམ་མ་དཔེར་བྱས་པ་དང་། གནའ་དེང་གཉིས་མཉམ་འདྲེས་ཀྱི་འདུ་ཤེས་ཀྱིས་རིག་གནས་དང་ཚོང་ལས། གནས་སྐོར་མཉམ་འདྲེས་གཞི་གཅིག་ཅན་གྱི་མྱོང་རོལ་དང་གནས་སྐོར་ཅན་གྱི་ཚོང་ལས་སྲང་ལམ་ཞིག་ཡིན། སྲང་ལམ་དེར་ཐང་བོད་རིག་གནས་དེང་རབས་འཛུགས་སྐྲུན་ཁྲོད་མཉམ་འདྲེས་བྱས་ཤིང་།  གཟུགས་འདས་ཤུལ་བཞག་དངོས་མང་བཤམས་སྟོན་དང་ཟས་མཆོག་བཟའ་བཏུང་། ཁམས་གསེང་རོལ་རྩེད་བཅས་གཞི་གཅིག་ཅན་གསར་སྐྲུན་བྱས་ཏེ། ལོ་རྒྱུས་ཀྱི་རྨང་མཐུག་པའི་ནུབ་བྱང་གྲོང་ཁྱེར་གྱི་མི་ཆོས་ཚོང་ལས་སྲང་ལམ་ཞིག་གསར་སྐྲུན་བྱས་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།