ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་སྤྱོད་རླངས་འཁོར་གྱི་ཁ་སྒྱུར་འཁོར་ལོ་འཕྲོག་རྐྱེན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ཡན་ཁྱའོ་ལམ་མངག་གཏོང་ཁང་གིས་སྤྱི་སྤྱོད་རླངས་འཁོར་གཏོང་བར་གནོད་རྐྱེན་བཟོ་བའི་གྱོད་དོན་ཞིག་བསྒྲུབས་པ་སྟེ། 2021ལོའི་ཟླ12པའི་ཚེས15ཉིན། དོགས་ཡོད་ཉེས་ཅན་མི་སྣ་མཱ་ཆེ་གེ་མོ་ན་གོར་མོ་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ལམ་ཐིག1པོའི་ནང་བསྡད་པ་དང་། དམིགས་སའི་འབབ་ཚུགས་ལས་མ་བབས་པར། རླངས་འཁོར་ལམ་བར་ཞིག་ནས་འདུག་དགོས་པའི་རེ་བ་བཏོན། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བས་རེ་བ་དང་ལེན་མ་བྱས་པ་དང་འབབ་ཚིགས་རྗེས་མར་འབབ་དགོས་ཞེས་བཤད་པར། མཱ་ཆེ་གེ་མོ་མྱུར་དུ་ཁོང་ཁྲོ་བླངས་ཏེ་ཁ་ལོ་བའི་སྟེང་དུ་འཇུས་ཏེ་དཀྱོག་འཁོར་འཕྲོག རླངས་འཁོར་ནང་གི་མི་གཞན་དག་གིས་མྱུར་དུ་བར་གཞོལ་བས་རླངས་འཁོར་དལ་མོར་འདུག་ཐུབ་པ་བྱུང་ལ། དགའ་འོས་པ་ཞིག་ལ་མི་ལ་རྨས་སྐྱོན་དང་ཆག་སྒོ་བཟོས་མེད། དོགས་ཡོད་ཉེས་ཅན་མི་སྣ་མཱ་ཆེ་གེ་མོས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཀྱི་འཁོར་སྒྱུར་སྒྲིག་ཆས་འཕྲོག་སྟེ་སྤྱི་སྤྱོད་འཁོར་ལོའི་རྒྱུན་ལྡན་གྱི་འཁོར་སྐྱོད་ལ་གེགས་རྐྱེན་བཟོས་པས་སྤྱི་བའི་བདེ་འཇགས་ལ་གནོད་པ་བཟོས་ཡོད། གྱོད་དོན་དེ་བྱུང་རྗེས། ཡན་ཁྱའོ་ལམ་མངག་གཏོང་ཁང་གིས་མྱུར་དུ་རྟོབ་ཞིབ་བྱས་པ་དང་། འབྲེལ་ཡོད་བདེན་དཔང་འཚོལ་བསྡུ་བྱས།2021ལོའི་ཟླ12པའི་ཚེས22ཉིན་དོགས་ཡོད་ཉེས་ཅན་མི་སྣ་མཱ་ཆེ་གེ་མོས་སྤྱི་སྤྱོད་རླངས་འཁོར་གཏོང་བར་གེགས་རྐྱེན་བཟོས་པས་ཁྲིམས་ལྟར་ཉེས་དོན་བཀག་སྐྱིལ་བྱས། མིག་སྔར་གྱོད་དོན་དེ་ན་གོར་མོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དོགས་ཡོད་ཉེས་ཅན་མི་སྣ་མཱ་ཆེ་གེ་མོར་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུར་ཆོག་མཆན་བཀོད།

ཉེན་རྟོག་པས་གསལ་འདེབས་གནང་བར། རླངས་འཁོར་གང་ལ་བསྡད་ཀྱང་བདེ་འཇགས་ནི་དོན་གྱི་སྙིང་བོ་ཡིན། རྒྱ་ཆེའི་གྲོང་མིས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་སྤྱོད་སྐབས། ངེས་བར་དུ་རང་ཉིད་ཀྱི་སྤྱོད་པར་གཟབ་དགོས་པ་དང་སེམས་འགྱུ་ཚང་མར་ཚོད་འཛིན་ཐུབ་དགོས། འབྲེལ་ཡོད་ཀྱི་སྒྲིལ་སྲོལ་བརྩི་སྲུང་དང་ཤེས་རིག་ལྡན་པའི་ངང་རླངས་འཁོར་ལ་འདུག་དགོས། སྤྱི་བའི་བདེ་འཇགས་ལ་ཆེ་ཆུང་གི་དབྱེ་བ་མེད། སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ལ་འདུག་སྐབས། ཁ་ལོ་བར་བརྩི་འཇོག་དང་བདེ་འཇགས་ཀྱི་འདུ་ཤེས་དང་ཁྲིམས་ལུགས་ཀྱི་འདུ་ཤེས་མཐོ་རུ་འདེགས་དགོས། ཚང་མས་མཉམ་དུ་བདེ་འཇགས་ལྡན་ཞིང་ཤེས་དཔལ་གྱིས་ཕྱུག་པ། འཆམ་མཐུན་ཡིན་པའི་རླངས་འཁོར་གཏོང་བའི་་ཁོར་ཡུག་ཅིག་བསྐྲུན་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།