ཀྲུང་གོ་བོད་ཀྱི་དྲ་བ།

འཚོ་བཅུད་ལྡན་པའི་ཟས་རིགས་ཀྱིས་ཀན་སུའུ་ཡི་སློབ་མ་ཁྲི152.8ལྷག་ལ་ཕན་ཐོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ5བའི་ཚེས20ཉིན། སློབ་མ་ཚོས་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་སློབ་ཆུང་ལྔ་བའི་ཟ་ཁང་ནས་ཟ་མ་ཟ་བཞིན་པ།

ཟླ5བའི་ཚེས17ཉིན། སློབ་མ་ཚོས་ཀན་སུའུ་ཞིང་ཆེན་ཕིང་ལང་གྲོང་ཁྱེར་ཁུང་ཐུང་ཆུས་ཀྲའེ་ཙི་སྲང་ལྟེ་གནས་སློབ་ཆུང་གི་ཟ་ཁང་ནས་དྲོས་ཇ་འཐུང་བཞིན་པ།

ཟླ5བའི་ཚེས17ཉིན། སློབ་མ་ཚོས་ཀན་སུའུ་ཞིང་ཆེན་ཕིང་ལང་གྲོང་ཁྱེར་ཁུང་ཐུང་ཆུས་སློབ་འབྲིང་གི་ཟ་ཁང་ནས་དྲོས་ཇ་འཐུང་བཞིན་པ།

ཟླ5བའི་ཚེས20ཉིན། སློབ་མ་ཚོས་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་སློབ་ཆུང་ལྔ་བའི་ཟ་ཁང་ནས་གྲལ་སྒྲིག་ནས་ཟ་མ་ལེན་བཞིན་པ།


ཟླ5བའི་ཚེས17ཉིན། སློབ་མ་ཚོས་ཀན་སུའུ་ཞིང་ཆེན་ཕིང་ལང་གྲོང་ཁྱེར་ཁུང་ཐུང་ཆུས་ཀྲའེ་ཙི་སྲང་ལྟེ་གནས་སློབ་ཆུང་གི་ཟ་ཁང་ནས་དྲོས་ཇ་འཐུང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་གསེབ་སློབ་མའི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད། 2011ལོར་རང་རྒྱལ་གྱིས་གྲོང་གསེབ་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ལག་བསྟར་བྱེད་མགོ་ཚུགས་པ་དང་། 2012ལོ་ནས་བཟུང་ཀན་སུའུ་ཡིས་རིམ་བཞིན་སྔོན་ཆད་ཀྱི་གཅིག་སྡུད་ཡུག་ཁུལ་དཀའ་ངལ་རྫོང58དང་ཡུག་ཁུལ་དུ་གྲུབ་མེད་པའི་དཀའ་ངལ་རྫོང28ལག་བསྟར་ཁྱབ་ཁོངས་ནང་བཞག་ནས། གྲོང་གསེབ་འོས་འགན་སློབ་གསོའི་རིམ་པའི་སློབ་མ་ཚོར་རིན་མེད་པའི་འཚོ་བཅུད་ལྡན་པའི་ཟས་རིགས་མཁོ་འདོན་བྱས།

མིག་སྔར། ཀན་སུའུ་ཞིང་ཆེན་དུ་འཚོ་བཅུད་ལེགས་བཅོས་འཆར་གཞི་གྲོང་གསེབ་ཀྱི་ས་ཁུལ་ཡོངས་སུ་ཁེབས་ནས་སློབ་གྲྭ8097སློབ་མ་ཁྲི152.8ལ་ཕན་ཐོགས་པ་དང་། ཕན་ཐོགས་པའི་སློབ་མ་བསྡོམས་པས་མི་ཁྲི2026.4ལ་ཟིན་ཡོད། དེ་ནང་སློབ་གྲྭ7819ཡིས་སློབ་གྲྭའི་ཟ་ཁང་ནས་ཟས་རིགས་མཁོ་འདོན་བྱས་ནས་སློབ་གྲྭའི་ཟ་ཁང་གི་མཁོ་འདོན་བྱེད་ཚད96.57%ཟིན་པ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།