འདི་ནི་ཟླ11པའི་ཚེས15ཉིན་འབྲུག་ཆུ་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་ཐད་གཏོང་མཁན་གྱིས་དྲ་ཐོག་ནས་ཞིང་ལས་ཁྱད་ལྡན་ཐོན་རྫས་འཚོང་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའི་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་ས་གནས་འདེབས་འཛུགས་དང་གསོ་སྤེལ་ཐོན་ཁུངས་ལེགས་ཆ་བརྒྱུད། བོད་གྲོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་མིང་རྟགས་དང་། ཀྲུང་བོད་ལུགས་སྨན་རྫས་དང་ཁྱིམ་བྱ། ཕག་ནག་པོ། ཤ་མོ། གཡེར་མ་སོགས་ཀྱི་ཐོན་རྫས་མང་རྟགས་གཙོ་བོར་བཏོད་ནས། རྫོང་དང་གྲོང་རྡལ། གྲོང་ཚོའི་རིམ་པ་གསུམ་གྱི་གློག་རྡུལ་ཚོང་ཁང་གི་ཟོང་འགྲུལ་མ་ལག་འཐུས་ཚང་དུ་བཏང་སྟེ་གློག་ཚོང་ཐད་གཏོང་དང་འཛད་སྤྱོད་རོགས་སྐྱོར། ཡུལ་དངོས་ནས་ཕྱིར་འཚོང་བྱེད་པ་བཅས་ཀྱིས་ས་གནས་ཁྱད་ལྡན་ཐོན་རྫས་ཕྱིར་རུ་འཚོང་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས། །
འདི་ནི་ཟླ11པའི་ཚེས15ཉིན་འབྲུག་ཆུ་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་ལས་དོན་མི་སྣས་གཡེར་མ་གསེད་བདམས་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ11པའི་ཚེས15ཉིན་འབྲུག་ཆུ་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་ལས་དོན་མི་སྣས་གཡེར་མ་འཕྲུལ་ཆས་སུ་ལྡུག་བཞིན་པའི་ཚུལ་རེད།
འདི་ནི་ཟླ11པའི་ཚེས15ཉིན་འབྲུག་ཆུ་རྫོང་གླུ་རྩེད་ཤང་ཅེ་ཏུའུ་གྲོང་ཚོའི་གྲོང་མི་ཞིག་གིས་ཤིང་ཏོག་ཨ་མྲ་སྐམ་བཞིན་པའི་ཚུལ་རེད།
འདི་ནི་ཟླ11པའི་ཚེས15ཉིན་འབྲུག་ཆུ་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་སུ་ལས་དོན་མི་སྣས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཐུམ་སྒྲིལ་བྱེད་བཞིན་པའི་ཚུལ་རེད།
པར་འདི་ནི་ཟླ11པའི་ཚེས15ཉིན་འབྲུག་ཆུ་རྫོང་སྤུན་སྡེ་ཤང་གླིང་ཚང་པ་གྲོང་ཚོའི་གྲོང་མི་ཞིག་གིས་ཁྱིམ་བྱ་གསོ་བཞིན་པའི་ཚུལ་རེད།
འདི་ནི་ཟླ11པའི་ཚེས15ཉིན་འབྲུག་ཆུ་རྫོང་སྤུན་སྡེ་ཤང་གླིང་ཚང་པ་གྲོང་ཚོའི་གྲོང་མི་ཞིག་གིས་ཕག་གསོ་བཞིན་པའི་ཚུལ་རེད།