ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་མཐོ་སྒང་གི་ཕྱུགས་ལས་ཀྱི་ལས་རྣམ་གསར་བ་འཚོལ་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྩྭ་ཐང་དུ་ཡོད་པའི་རྨ་ཆུ་རྫོང་རྟ་ར་ཕྱུགས་ལས་ཐོན་ལས་གསོ་སྤེལ་རྟེན་གཞི་རུ་འགན་ཁུར་པ་བསྟན་འཛིན་འཇིགས་མེད་ཀྱིས་ནོར་གཡག་ལ་གཟན་རྩྭ་སྟེར་བཞིན་ཡོད།

གསོ་སྤེལ་རྟེན་གཞི་ནང་དུ་དེང་རབས་ཅན་གྱི་ནོར་གཡག་གི་དྲོད་ཁང་དང་གསོ་སྤེལ་ཁང་། དྲོད་ཚད་འགྱུར་མེད་ཀྱི་ཕྱུགས་ཟོག་ཆུ་ལྡུད་བྱེད་ཀྱི་སྒྲིག་ཆས་ཆ་ཚང་ཡིན།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནི་མདོ་དབུས་མཐོ་སྒང་གི་ཤར་བྱང་རྒྱུད་མཐའ་མཚམས་སུ་གནས་ཤིང་། རྨ་ཆུ་རྫོང་ལ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ས་གནས་ཡོད་པས། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་ཁ་གསབ་ཁུལ་གལ་ཆེན་ཡིན། ས་འཛིན་ཚད་མུའུ་ཁྲི560ཟིན་པའི་རྨ་ཆུ་བརླན་ས་ནི་འཛམ་གླིང་ཐོག་ཉར་ཚགས་ཆེས་ཆ་ཚང་བའི་མཐོ་གྲང་འདམ་རའི་བརླན་སའི་གྲས་ཤིག་ཡིན་པས“རྨ་ཆུའི་མཁལ་མ”ཞེས་འབོད་ཀྱིན་ཡོད། 


རྨ་ཆུ་རྫོང་རྟ་ར་ཕྱུགས་ལས་ཐོན་ལས་གསོ་སྤེལ་རྟེན་གཞི།

此为甘肃省甘南藏族自治州玛曲县马场畜牧产业养殖基地。(无人机照片)(受访者供图)

甘肃省甘南藏族自治州玛曲县地处青藏高原东北边缘。玛曲在黄河流域生态保护和高质量发展中具有独特的生态地位,是黄河上游重要的水源涵养区和补给区。占地560多万亩的玛曲湿地是世界上保存最完整的高寒沼泽湿地之一,被誉为“黄河之肾”。

བསྟན་འཛིན་འཇིགས་མེད་ནི་རྨ་ཆུ་རྫོང་སེར་ཞང་གྲོང་ཚོའི་གྲོང་མི་ཡིན་ཞིང་། མི་རབས་ནས་མི་རབས་བར་ཕྱུགས་འཚོ་བཞིན་ཡོད། “སྔོན་ཆད་ཁྱིམ་ཚང་ཚང་མས་ནོར་ལུག་གསོ་བཞིན་ཡོད་པས། གྲོང་མི་མང་ཆེ་ཤས་ཀྱི་རྩྭ་ཐང་བརླན་ས་སྲུང་སྐྱོང་ནང་ཁུལ་དུ་ཡོད། ཕྱུགས་འཚོ་བའི་སྲོལ་རྒྱུན་འཚོ་ཐབས་ཀྱིས་སྐྱེ་ཁམས་གཏོར་བརླག་བཟོས་པ་མ་ཟད་རྩྭ་ཐང་སྤུས་ཚད་ཞན་འགྱུར་བྱུང་ཞིང་ནོར་ལུག་སྐྱེས་ཚུལ་དལ་བ་དང་རིན་གོང་ཡང་དམའ་བ་རེད”ཅེས་བརྗོད།

རྨ་ཆུ་རྫོང་གི་ཆ་སྙོམས་ས་བབ་སྨི3300ཟིན་ཞིང་། ཚད་ལས་བརྒལ་ཏེ་ཕྱུགས་འཚོ་བ་སོགས་ཀྱི་རྒྱུ་མཚན་གྱིས་ས་གནས་ཀྱི་རྩྭ་ཐང་བྱེ་འགྱུར་ཞན་འགྱུར་དང་རྩྭ་ཕྱུགས་དོ་མི་མཉམ་པ་སོགས་ཀྱི་གནད་དོན་བྱུང་།

ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་གྱིས་ཕྱུགས་བཀག་རྩྭ་གསོ་དང་ཞན་འགྱུར་རྩྭ་ཐང་སྐྱེ་ཁམས་སླར་གསོ་སོགས་ཀྱི་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱས་པས་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན། གཞི་གྲངས་ལས་མངོན་པ་ལྟར་ན། 2011ལོ་ནས་བཟུང་རྨ་ཆུ་རྫོང་གིས་བསྡོམས་པས་ཚད་བརྒལ་ཕྱུགས་ཟོག་མགོ་གྲགས་ཁྲི110ཇེ་ཉུང་དུ་བཏང་ནས་ཕྱུགས་བཀག་རྩྭ་གསོ་དང་རྩྭ་ཕྱུགས་དོ་མཉམ་ལག་བསྟར་བྱས་པའི་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི1280ཟིན་པ་དང་། རྩྭ་ཐང་ཁ་གསབ་དངུལ་སྒོར་དུང་ཕྱུར4.5ཟིན་ཡོད།

རྨ་ཆུ་རྫོང་གིས་རེས་སྐོར་ནས་ཕྱུགས་འཚོ་བ་དང་ཕྱུགས་བཀག་སོགས་ཀྱི་ཐབས་ཀྱིས་རྩྭ་ཕྱུགས་དོ་མཉམ་ལ་སྐུལ་འདེད་བཏང་ནས། ཐོན་ལས་འཕེལ་རྒྱས་ཐབས་སྒྱུར་ཞིང་མཐོ་སྒང་གི་ཕྱུགས་ལས་ལས་རྣམ་གསར་བ་འཚོལ་ཞིབ་བྱས། རྨ་ཆུ་རྫོང་ཞིང་ལས་གྲོང་གསེབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དོན་འགྲུབ་ཀྱིས་ངོ་སྤྲོད་ལྟར་ན། རྨ་ཆུ་རྫོང་གིས་ར་ཕྱེད་སྐོར་བའི་དེང་རབས་ཅན་གཙོ་གནད་བྱས་ནས“ནོར་གཡག་མགོ་གྲངས་ཁྲི”དང“བོད་ལུག་མགོ་གྲངས་ཁྲི”ཡི་གསོ་སྤེལ་རྟེན་གཞི་བཙུགས་པ་མ་ཟད། “ཕྱུགས་ར་དང་ར་ཕྱེད”དང“གཟན་སྣོན”གྱི་ཚན་རིག་གསོ་སྤེལ་དཔེ་དབྱིབས་ལ་སྐུལ་འདེད་བྱས་ནས་འབྲོག་མིས་སྲོལ་རྒྱུན་ཐོན་ལས་དམའ་བའི་ཕྱུགས་འཚོ་བྱེད་ཐབས་སྒྱུར་བ་རེད།

བསྟན་འཛིན་འཇིགས་མེད་ཀྱི་གསོ་སྤེལ་རྟེན་གཞི་ནི་རྨ་ཆུའི་ར་ཕྱེད་ནོར་གཡག་གསོ་སྤེལ་ཁེ་ལས་དང་པོ་ཡིན་ལ། སྲིད་གཞུང་གིས་མ་དངུལ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། ནོར་གཡག་མགོ་གྲངས་ཁྲི་ལྷག་གི་དགུན་དཔྱིད་གཟན་སྣོན་དང་དབྱར་སྟོན་ཕྱུགས་འཚོ། ཁྱུ་ཚོགས་བགོས་ནས་གསོ་སྤེལ་བྱེད་ས་ཡིན། ཁེ་ལས་ཀྱིས་ས་གནས་ཁྱིམ་ཚང་འབྲོག་ར4དང་མཉམ་ལས་ཁང2དཔེ་དབྱིབས་དེ་སྤྱོད་པར་སྣེ་ཁྲིད་པ་རེད། “དེང་རབས་ཅན་གྱི་གསོ་སྤེལ་ཐབས་ཀྱིས་སྐྱེ་ཁམས་སླར་གསོ་ལ་ཕན་ཐོགས་པ་མ་ཟད། ནོར་གཡག་གི་རྒྱུད་སྤེལ་ཚད་མཐོ་རུ་ཕྱིན། སྔོན་ཆད་ནོར་གཡག་གི་རྒྱུད་སྤེལ་ཚད་ལོནས3ཡིན་ལ། ད་ལྟ་ལོ1ལ་ཐེངས1ཡིན”ཞེས་བརྗོད། 

གསོ་སྤེལ་རྟེན་གཞིའི་ཉེ་འགྲམ་དུ་འབྲོག་མིའི་མཉམ་ལས་ཁང་ཞིག་ཡོད། ལན་ཀྲུའུ་སློབ་ཆེན་ནས་ཡོང་བའི་སྐྱེ་ཁམས་སློབ་གླིང་རྩྭ་ཐང་དང་ནོར་གཡག་ཚོད་ལྟ་ཁང་གི་འབུམ་རམས་པ་ཕྱི་ཚར་ཅིན་ཞའོ་ཕིང་དང་ཞིབ་འཇུག་སློབ་མ་འགའ་ཡིས་ནོར་གཡག་གནད་ཁེལ་བཀོད་སྒྲིག་བྱས་པའི་གཟན་རྩྭ་སྟེར་བཞིན་ཡོད། ད་ལོའི་ཟླ7པ་ནས་བཟུང་། ཚོགས་པ་དེ་རྩྭ་ཐང་དུ་བསྡད་དེ་རྨ་ཆུའི་མཉམ་ལས་ཁང་དང་འབྲོག་ཁྱིམ། གསོ་སྤེལ་ར་བ་སོགས་ཀྱི་གསོ་སྤེལ་དཔེ་དབྱིབས། གཟན་རྩྭ་ལེགས་བཅོས་དང་ལག་རྩལ། གསོ་སྤེལ་མ་རྩ་ཇེ་དམའ་རུ་གཏོང་བའི་ལས་དོན་སྒྲུབ་པ་རེད།

ལན་ཀྲུའུ་སློབ་ཆེན་གྱི་འབུམ་རམས་པ་ཕྱི་ཚར་ཅིན་ཞའོ་ཕིང་གིས(གཡས་གཅིག)ཚོགས་མི་དང་མཉམ་དུ་ནོར་གཡག་གི་གཟན་རྩྭ་བཀོད་སྒྲིག་བྱེད་པ།

འབྲོག་མིས་ཕྱུགས་ཇེ་ཉུང་དུ་བཏང་ཡང་ཡོང་འབབ་ཇེ་ཉུང་དུ་མི་འགྲོ་བར་འགན་ལེན་བྱ་ཆེད། རྨ་ཆུ་རྫོང་གིས་སྒོར་ཁྲི150ཁ་གསབ་དངུལ་གྲབས་སྒྲུག་བྱས་ནས། གསོ་སྤེལ་ཁྱིམ་ཚང་གིས་རིམ་བཞིན་ཕྱུགས་གཏོང་ཐབས་སྒྱུར་བར་སྣེ་ལེན་བྱས་ནས། དུས་ཚིགས་བཞི་ལ་དོ་མཉམ་ཕྱུགས་གཏོང་དང་རྒྱུན་མཐུད་ཀྱིས་རྩྭ་ཕྱུགས་དོ་མཉམ་གྲུབ་འབྲས་ཇེ་བརྟན་དུ་བཏང་བས། མིག་སྔར་ཁ་གསབ་དངུལ་སྒོར་ཁྲི43སྤྲད་པ་རེད། དེ་དང་ཆབས་ཅིག་ཏུ་ས་གནས་ཀྱིས་ཕྱུགས་ལས་ཐོན་རྫས་ཁེ་ལས་གཙོ་བོ་བརྒྱུད། མངག་ཐོ་ཕྱིར་འཚོང་སོགས་ཀྱི་ཐབས་ལམ་བརྒྱུད་དེ་དྲ་ཐོག་དང་ཡུལ་དངོས་ཀྱི་ཁྲོམ་ར་རྒྱ་བསྐྱེད་དེ་ནོར་ལུག་ཤའི་འཚོང་ལམ་ཤར་གཏོང་བྱས་པ་རེད། །


རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།