ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན། ཀན་སུའུ་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚན་ཆུང་གི་ཀན་སུའུ་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ངམ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལུའེ་ཧའེ་ཁྲའོ་དང་། ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་དང་ཞིང་ཆེན་རིམས་ནད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་རེན་ཀྲེན་ཧོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅ་དབྱི་ལིན་ལིན་ཞ་ཁུལ་ཡན་ལག་ཚོགས་རར་ཕེབས་ཡོད།
ལུའེ་ཧའེ་ཁྲའོ་ཡིས་ཉེ་ཆར་ཀན་སུའུ་ཞིང་ཆེན་གྱི་རིམས་ནད་ཁྱབ་རྒྱ་མངོན་གསལ་གྱིས་ཇེ་ཆུང་དུ་ཕྱིན་མོད། འོན་ཀྱང་ལན་ཀྲོའུ་དང་ལིང་ཞ། ཀན་ལྷོ་བཅས་ཀྱི་གཙོ་གནད་ས་ཁུལ་དུ་འགག་གཏོར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་སྤྱི་ཚོགས་ཀྱི་ངོས་གཙང་སེལ་དང་ཉེན་ཁ་ཆེ་བའི་ས་ཁུལ་ལ་དོ་དམ་ནན་པོ་བྱས་ཏེ། འགོ་ནད་ཕོག་ཚད་གང་མགྱོགས་ཀྱིས་ཇེ་ཉུང་དུ་གཏོང་དགོས། ལན་ཀྲོའུ་ནས་ཉེན་ཁ་ཆེ་འབྲིང་ཆུང་གསུམ་གྱི་དོ་དམ་ཚོད་འཛིན་ལེགས་པོ་བྱེད་དགོས་ལ། ལྷག་དོན་དུ་ཉེན་ཁ་འབྲིང་དམའི་ས་ཁུལ་གྱི་ནང་ཁུལ་སྐོར་གཡེང་དང་ཁ་ཏ་སློབ་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། དོན་མེད་ཀྱི་འཁོར་རྒྱུག་རང་བཞིན་ལ་དོ་དམ་ནན་པོབྱས་ཏེ་རིམས་ནད་མེད་པའི་གཞིས་ཁུལ་ཧུར་ཐག་གིས་བསྐྲུན་དགོས། ཟོག་འགྲེམས་སྡེབ་སྐྱེལ་དང་ཁྲོམ་རའི་ལས་སྒྲུབ་མི་སྣ་སོགས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས། ལིན་ཞ་ཡིས་གཅིག་གྱུར་གྱི་ཐབས་ཇུས་བཀོད་གཏོང་ལམ་སྲོལ་བཙུགས་ཏེ་ཁུལ་ནས་ཐད་ཀར་བཀོད་འདོམས་བྱེད་པ་དང་། ངོས་སྙོམས་ཅན་གྱི་དོ་དམ་བྱེད་པ། སྡེ་ཚན་གྱིས་མཉམ་དུ་གཞུང་དོན་སྒྲུབ་པ། ལས་དོན་ཉིན་མཚན་བལྟོས་མེད་ངང་སྒྲུབ་ཏེ་རིམས་ནད་མེད་པའི་རྫོང་དང་ཆུས་ཀྱི་ཉེན་ཁ་གྲལ་བཤེར་དང་མི་སྣར་ཞིབ་བཤེར་བྱེད་པ་བཅས་ཀྱི་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབས་ནས། ནང་དུ་ཁྱབ་པ་ནན་འགོག་བྱེད་དགོས། ཀན་ལྷོས་བསང་ཆུ་རྫོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གཙོ་གནད་ཐོག་ཡག་པོར་བསྒྲུབས་ཏེ་དོ་དམ་དང་གཅིག་སྡུད་ལོགས་དབྱེའི་གནས་སུ་གྱུར་ནས་འགོས་ནད་སྔོན་འགོག་བྱེད་པ་དང་། ནད་པར་སྐྱོབ་བཅོས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནད་གཞི་ལྕི་རིགས་སྔོན་འགོག་ཤུགས་ཆེན་བྱེད་དགོས་ཞེས་ནན་གྱིས་བསྟན།
རེན་ཀྲེན་ཧོ་ཡིས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་མྱུར་ཚད་དང་ལས་ཆོད་བསྡུར་བ་ཡིན། ལས་ཆོད་ནི་ཁ་ཕྱོགས་འགྲིག་པ་དང་རྒྱག་སྟངས་ཀྱི་ལམ་འགྲིག་པའི་ཐོག་མངོན་པར་བྱེད་དགོས་ཤིང་། སྔོན་འགོག་ཚོད་འཛིན་ཇུས་གཞི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་པར་གཞི་དགུ་བའི་འབྲེལ་ཡོད་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། རྒྱལ་ཁབ་ལས་དོན་ཚོགས་ཆུང་གི་ལས་ཀའི་བྱེད་ཐབས་དང་ལས་ཀའི་སྤྱོད་ཚུལ་ལ་སློབ་སྦྱོང་ནན་ཏན་བྱེད་པ། སྔར་བས་སྲིད་ཇུས་ལ་རྒྱུས་ལོན་དང་སྲིད་ཇུས་ཁོང་དུ་ཆུད་པ། ལས་ཀའི་ཚན་རིག་དང་མཐུན་པའི་རང་བཞིན་དང་བཀོལ་སྤྱོད་ཀྱི་གནད་སྨིན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལས་ཆོད་ཐད་འགྲོ་འཐུས་ཐལ་ཤོར་བ་དང་། ལས་ཀ་འགོར་འགྱངས་མི་བྱེད་པའི་ཐད་མཚོན་དགོས་ལ། གནད་དོན་རྙིང་པར་རྩིས་ཐོའི་དོ་དམ་བྱས་ཏེ་བསྐྱར་ཟློས་དང་ཡང་ཡང་ཐོན་པའི་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། གནད་དོན་གསར་པར་ཕྱོགས་སྡོམ་དང་རྒྱུན་ཆན་མེད་པར་ཞིབ་ཕྲ་དང་ཆད་ལུས་ཁ་གསབ་བྱེད་བགོས། ཉིན་རེའི་ལས་འགན་སྒྲུབ་པར་དུས་ཚད་གཏན་འཁེལ་བྱེད་པ་ལས་སྒུག་རྟེན་མི་བྱེད་པ་དང་ནར་འགྱངས་བྱེད་མི་རུང་། ལས་ཆོད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་འཕྲལ་དུ་སྒྲུབ་གཉེར་བྱེད་པའི་ཐོག་མངོན་པར་བྱེད་པ་དང་། ས་གནས་དེ་གའི་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གནད་ལ་འཁེལ་བ་དང་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱེད་དགོས་ཤིང་། ལན་ཀྲོའུ་དང་ཀན་ལྷོས་གནད་སྨིན་གདམ་གསེས་དང་ནུས་ཆེའི་བདའ་འདེད།མགྱོགས་མྱུར་འགོག་སྡོམ། དོ་དམ་ནན་པོ་བཅས་ཀྱི་ཐད་ལ་ཡང་བསྐྱར་ཤུགས་སྣོན་བརྒྱབ་སྟེ། གནས་བབ་བརྟན་བརླིང་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས། ལིན་ཞ་ཡིས་གཟབ་ནན་དང་ཞིབ་ཚགས།གཏིང་ཟབ། ཏན་ཏིག་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་སེམས་ཤུགས་གཅིག་སྡུད་དང་། ཐོན་ཁུངས་གཅིག་སྡུད། ནུས་ཤུགས་གཅིག་སྡུད་སྒོས་གནད་འགག་བརྟོལ་བ་དང་མགྱོགས་མྱུར་གྱིས་རིམས་ནད་ཁྱབ་པའི་གནས་བབ་འགོག་སྡོམ་བྱེད་དགོས་པར་བསྟན།
ཀྲུའུ་ཐེན་ཧྲུའུ་དང་། ཁྲེང་ཞའོ་པོ། ཀྲང་ཅིན་ཀང་། ཀྲང་ཡུང་ཞ། ཡུས་ཁྲེང་ཧུའེ། ཀྲང་ཧྲི་ཀྲེན། ཀུའོ་ཁྲེང་ལུའུ། ཡུན་ཅན་རྨིན། ཀུའོ་ཐེན་ཁང་། ཧོ་ཝེ་ཕིན། ཡོན་ཀྲན་ཐིང་དང་ལི་ཀྲི་ཞུན་བཅས་ཚོགས་འདུར་ཞུགས་པ་དང་། ཧོ་ཝུའེ་ཡིས་གཙོ་སྐྱོང་གནང་བ་རེད། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པས་ཤང་དང་གྲོང་རྡལ་གྱི་རིམ་པར་རྒྱ་བསྐྱེད།
ཚོགས་འདུ་མ་འཚོག་གོང་། རེན་ཀྲེན་ཧོ་ཀན་ལྷོ་ཁུལ་བསང་ཆུ་རྫོང་དང་ལིན་ཞ་ཁུལ་ཀོང་ཧོ་རྫོང་དུ་ཕེབས་ནས་འགྲིམ་འགྲུལ་ལམ་ཁ་དང་སྡེ་ཁུལ། གཙོ་གནད་ཁུལ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཁུལ་དང་རྫོང་དང་མཉམ་དུ་ལོགས་བཀར་སྡོད་ཁང་གི་གསོག་འཇོག་ལས་དོན་ལ་ཞིབ་འཇུག་དང་མཐུན་སྦྱོར་བྱས་པ་རེད། །