མདུན་ཤོག- གསར་འགྱུར།- པར་རིས་གསར་འགྱུར།

སྒོར་དུང་ཕྱུར་གཅིག་ཙམ་བཏང་བའི་བོད་ཀྱི་ཆབ་མདོའི་བྱམས་པ་གླིང་དགོན་ཉམས་གསོའི་ལས་གྲྭ་མཇུག་སྒྲིལ་ཉེར་ཡོད་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-12 10:58

    གསར་འགོད་པས་བོད་ལྗོངས་ཆབ་མདོ་ས་ཁུལ་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར།ཁྱོན་མ་དངུལ་སྒོར་དུང་ཕྱུར་གཅིག་ཙམ་བཏང་བའི་བྱམས་པ་གླིང་དགོན་ཉམས་གསོའི་ལས་གྲྭ་དེ་ཟླ་འདིའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་ཡིན་པ་རེད།

    1437ལོ་ཕྱག་བཏབ་པའི་བྱམས་པ་གླིང་དགོན་དེ་བོད་ཤར་རྒྱུད་ས་ཁུལ་གྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་དེ་ཡིན་པ་དང་དགོན་པ་དེའི་རྟེན་གཙོ་ནི་རྒྱལ་བ་བྱམས་པ་ཡིན།བྱམས་པ་གླིང་དགོན་ཉམས་གསོ་སྲུང་སྐྱོང་ལས་གྲྭའི་རྣམ་གྲངས་ཅིང་ལི་ཝང་ལེའང་གོས་ངོ་སྤྲོད་བྱས་པར་གཞིགས་ན།ད་ཐེངས་ཉམས་གསོའི་དུས་བཀག་དེ་གཉིས་སུ་ཕྱེ་བ་སྟེ།དུས་བཀག་དང་པོར“དགོན་པ་ཉམས་གསོ་བྱ་རྒྱུ”དང་དུས་བཀག་གཉིས་པར“དགོན་སྡེའི་ཁོར་ཡུག་ཉམས་གསོ”བྱ་རྒྱུ་དེ་ཡིན།“རིག་དངོས་ཀྱི་དེ་སྔའི་རྣམ་པར་འགྱུར་ལྡོག་མི་གཏོང་བའི”རྩ་དོན་ལ་བསྟུན་ཁར།མིག་སྔར་ཉམས་གསོ་བརྒྱ་ཆ་བདུན་ཅུ་ནས་བརྒྱད་ཅུ་ལེགས་གྲུབ་ཟིན་ཡོད། འདི་ནི་ཤིང་བཟོ་བས་བྱམས་པ་གླིང་དགོན་པའི་པར་ཁང་གི་ཉམས་གསོའི་ནང་ཤིང་ལས་བྱེད་པའི་གནས་ཚུལ་ཡིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག