མདུན་ཤོག- གསར་འགྱུར།- པར་རིས་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་པ་དང་ལོ་ཧོས་ཉིན་སོགས་མགོ་ཁྲིད་ཀྱིས་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-29 11:05

111.jpg

ཚེས28ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས2013ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་དགའ་ཐོབ་མཁན་གྱི་ཞིབ་འཇུག་པ་ཀྲང་ཡུང་ཁྲིན་དང་། ཞིབ་འཇུག་པ་ཝང་ཅན་གཉིས་ལ་བྱ་དགའ་བྱིན་པ་དང་ཁོ་ཚོ་དང་མཉམ་དུ་པར་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཚེས28ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཞིང་ཆེན་གྱི་མགོ་ཁྲིད་པ་ལོ་ཧོས་ཉིན་དང་། ཧའོ་ཕིན། ལོ་ཡུས་ལིན། ཝང་ལིན་ཅོན། མུའུ་ཏུང་ཧྲིན། ཁོང་ཡུང་། པའོ་དབྱི་ཀྲི་སོགས་ཚོགས་ཆེན་ལ་ཞུགས་པ་མ་ཟད་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་བྱིན། ཧའོ་ཕིན་གྱིས་གཏམ་གལ་ཆེན་བཤད། ཁོང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད། «མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2013ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་དགའ་སྟེར་བའི་སྐོར་གྱི་ཆོད་དོན»སྒྲོག་འདོན་བྱས། ཝང་ཅན་གྱིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་སོ་སོར་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་དགའ་ཐོབ་མཁན་གྱི་ཞིབ་འཇུག་པ་ཀྲང་ཡུང་ཁྲིན་དང་། ཞིབ་འཇུག་པ་ཝང་ཅན། མཚོ་སྔོན་ཞིང་ཆེན་ཚན་རྩལ་རྒྱལ་སྤྱིའི་མཉམ་ལས་བྱ་དགའ་ཐོབ་མཁན་ཏེ་ ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཨོ་ཁི་ལན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀེ་རོས•པུའུ་ལའེ་ཨར་ལིས་བཅས་ལ་བྱ་དགའི་འཛིན་ཡིག་བྱིན་པ་མ་ཟད་ཁོ་ཚོར་རྟེན་འབྲེལ་ཞུས།

 ཧའོ་ཕིན་གྱིས་གཏམ་བཤད་སྐབས་མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་ཚན་རྩལ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཉིས་སྟོང་བཅུ་གསུམ་ལོའི་ཚན་རྩལ་བྱ་དགའ་ཐོབ་མཁན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས།

ཧའོ་ཕིན་གྱིས་བསྟན་དོན། ཚན་རྩལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་དར་རྒྱས་གོང་འཕེལ་དུ་གཏོང་བའི་ཆེས་གསོན་ཤུགས་ལྡན་ཞིང་ཆེས་གསར་བརྗེ་རང་བཞིན་ལྡན་པའི་རྒྱུ་རྐྱེན་ཞིག་ཡིན། དེང་སྐབས་མཚོ་སྔོན་ཞིང་ཆེན་བཟོ་ལས་ཅན་གྱི་དུས་ཡུན་འབྲིང་བར་སྐྱོད་པ་དང་། རྣམ་པ་གསར་བའི་བཟོ་ལས་ཅན་དུ་འགྱུར་བའི་གནད་འགག་གི་དུས་སྐབས་སུ་གནས་པས། ངེས་པར་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དེས་ཁྱོན་ཡོངས་ལ་གཅིག་གྱུར་གྱིས་འཆར་གཞི་འཐེན་ཏེ། གསར་སྐྲུན་ཡར་སྐུལ་འཐབ་ཇུས་སྔར་ལས་བློ་ཐག་རྦད་ཆོས་ཀྱིས་ལག་བསྟར་བྱེད་པ་དང་། ཚན་རྩལ་ཡར་ཐོན་ལ་སྔར་ལས་དམ་དུ་སྦྲེལ་བ། བཅོས་སྒྱུར་གྱི་ཁེ་ཕན་དང་། ཤེས་ལྡན་མི་སྣའི་ཁེ་ཕན། གསར་སྐྲུན་གྱི་ཁེ་ཕན་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་རང་བྱུང་ཐོན་ཁུངས་སོགས་རྒྱུ་རྐྱེན་གལ་ཆེན་དང་དངུལ་གཏོང་ལ་བརྟེན་པ་ནས་གསར་སྐྲུན་ཡར་སྐུལ་ལ་བརྟེན་པའི་ཕྱོགས་སུ་བསྒྱུར་ཏེ། སྐྱེ་ཁམས་ཞན་པ་དང་། ཐོན་ཁུངས་འཛོམས་པའི་ས་ཁུལ་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་འགྲོ་བའི་ལམ་གསར་བ་ཞིག་གསར་གཏོད་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་ཚན་རྩལ་གྱིས་སྣེ་ཁྲིད་དེ་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས་ན་ངེས་པར་དུ་གསར་སྐྲུན་ཡར་སྐུལ་བྱེད་པར་འབད་བརྩོན་བྱེད་དགོས་པ་དང་། ངེས་པར་དུ་ཚན་རྩལ་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་འབད་བརྩོན་བྱེད་དགོས་ལ། ངེས་པར་དུ་ཆུ་ཚད་མཐོ་བའི་ཚན་རྩལ་གསར་སྐྲུན་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་པ་དང་། ངེས་པར་དུ་སྤྱི་ཚོགས་ཡོངས་ཀྱིས་གསར་སྐྲུན་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག