མདུན་ཤོག- གསར་འགྱུར།- པར་རིས་གསར་འགྱུར།

ལིས་ཁི་ཆང་གིས་མཚོ་སྔོན་འཐུས་མི་ལ་ཁ་བཏགས་བསྒྲོན་པ་དང་ཡུས་ཧྲུའུ་གནོད་ཁུལ་མི་དམངས་ལ་འཚམ་འདྲི་བྱས།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-03-07 10:38

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཚེས6གི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མཚོ་སྔོན་འཐུས་མི་རུ་ཁག་གི་གྲོས་བསྡུར་ལ་ཞུགས། མཚོ་སྔོན་ཚོམས་ཆེན་དུ་སླེབས་མ་ཐག ལུས་ལ་མི་རིགས་རྒྱན་གོས་གྱོན་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཝང་ཡུས་ཧུའུ་ཡིས་ཙུང་ལི་ལ་དྭགས་གཙང་གི་ཁ་བཏགས་ཕུལ། ལིས་ཁི་ཆང་གིས་ཁ་བཏགས་བླངས་ནས་ཝང་ཡུས་ཧུའུ་ཡི་སྐེར་བསྒྲོན་རྗེས་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་འཚམ་འདྲི་བྱས། 2010ལོའི་ཟླ5བར་ཙུང་ལི་ལིས་ཁི་ཆང་ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་དུ་ཡོང་ནས་འགུལ་འགོག་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱས། མིག་སྔར། ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་བྱ་བ་ལེགས་འགྲུབ་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག