མདུན་ཤོག- གསར་འགྱུར།- པར་རིས་གསར་འགྱུར།

2013ཀྲུང་གོའི་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-21 11:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ6པའི་ཚེས20ཉིན་གྱི་སྔ་དྲོར།  ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི2013ཀྲུང་གོའི་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ཁང་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ།  ཧྲིན་ཀྲང་ཧའོ་ཕིན་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པ་དང་ས་གདན་འགྲེམ་སྟོན་ཚོགས་འདུ་སྤེལ་འགོ་བརྩམས་པར་ཁྱབ་བསྒྲགས་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ།  ཧྲིན་ཀྲང་གཞོན་པ་ཝང་ཞའོ་དང་ཚོང་དོན་པུའུ་ཡི་པུའུ་ཀྲང་ཧྥང་ཨའེ་ཆིན་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ།

ཀྲུང་གོ་རུ་སྡོད་པའི་ཕ་ཁི་ས་ཐན་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་མ་སུའུ་ཏེ.ཁ་ལི་ཏེ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏིང་ཡ་ཞན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ།  འཛམ་གླིང་ལག་ཤེས་ས་གདན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁུའུ་ཁོ་དང་ཀྲུང་གོའི་ཁྱིམ་སྤྱོད་འཁལ་ཐག་ཐོན་རྫས་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཀྲའོ་ཧྭ་བཅས་ཧིན་རྡུ་དང་ནེ་པ་ལ།  ཕ་ཁི་སི་ཐན།  ཨ་ཧྥུ་ཧན།  དབྱི་ལང་སོགས་རྒྱལ་ཁབ་དང་ས་ཁུལ31དང་།  རྒྱལ་ནང་གི་ཞིང་ཆེན་སྲིད་གཞུང་སྡེ་ཁག30།  ཚོང་ལས་མཐུན་ཚོགས་ཀྱི་མགྲོན་པོ་རྣམས་ས་གདན་འགྲེམ་སྟོན་སྤེལ་འགོ་བརྩམས་པའི་མཛད་སྒོར་ཞུགས།

ཝང་ཞའོ་ཡིས་ཤིས་ཚིག་ཕུལ་དུས་ཐེངས་འདིའི་ས་གདན་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ལ་དགའ་བསུ་བྱས་པ་དང་།  ཁོས་བཤད་རྒྱུར།  ལོ་ངོ་བཅུ་ལྷག་གི་འཕེལ་རྒྱས་ཁྲོད།  བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་འདི་རྒྱལ་སྤྱིའི་རང་བཞིན་གྱི་ཆེད་ལས་འགྲེམ་སྟོན་ཚོགས་འདུ་ཞིག་ཏུ་གྱུར་ཡོད་པ་དང་།  ས་གདན་ཐོན་ལས་དང་ལག་རྩལ།  བརྡ་འཕྲིན་དང་དངུལ་རྩ་སོགས་གཞི་གཅིག་ཏུ་འདྲེས་པའི་ཉོ་ཚོང་མཉམ་ལས་སྟེགས་བུ་ཞིག་གསར་སྐྲུན་བྱས་པ་མ་ཟད།  མི་རིགས་མང་པོའི་རིག་གནས་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད།  མཚོ་སྔོན་གྱི་ས་གདན་ལས་རིགས་འཛམ་གླིང་དུ་སྐྱོད་པ་དང་།  འཛམ་གླིང་གི་ས་གདན་ལས་རིགས་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་པར་བསྟན། 

ས་གདན་འགྲེམ་སྟོན་མཛད་སྒོ་མ་སྤེལ་གོང་ལ།  ཧའོ་ཕིན་དང་ཝང་ཞའོ་སོགས་རང་ཞིང་གི་འགོ་ཁྲིད་དག་གིས་ཐེངས་འདིའི་ས་གདན་འགྲེམ་སྟོན་སྟེང་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་ཚོང་མགྲོན་འཐུས་ཚབ་ལ་ཐུག་འཕྲད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག