ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དབྱི་ལིང་གིས་ཉེ་སྔོན་འཕུར་མདའི་གསར་སྤེལ་འཆར་གཞིའི་ཐད་ནས་ཨ་མེ་རི་ཁའི་བར་རྩོད་གླེང་དྲག་པོ་བྱུང་། དབྱི་ལིང་གི་གྲོས་དཔོན་ལཱ་ལི་ཅཱ་ནེ་ཡིས་ཚེས་གཉིས་ཉིན་ཁ་ཚིག་དྲག་པོས་བསྟན་དོན། མུ་མཐུད་དུ་རྒྱལ་ཁབ་རང་གི་འཕུར་མདའི་གསར་སྤེལ་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། ལཱ་ལི་ཅཱ་ནེ་ཡིས་རྒྱལ་ཁབ་དེའི་ལྷོ་ཕྱོགས་གྲོང་ཁྱེར་པུའུ་ཧྲི་ཨར་ནས་བཤད་རྒྱུར། དབྱི་ལིང་གིས་མུ་མཐུད་དུ་འཕུར་མདའ་གསར་སྤེལ་བྱེད་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་སྔོན་རྩིས་བཀོད་སྒྲིག་དང་གཅིག་རྐྱང་གི་གྲོས་གཞི་བཀོད་དེ་འཆར་གཞི་དེ་རྒྱ་བསྐྱེད་རྒྱུ་ཡིན་ཟེར། དབྱི་ལིང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་ཐག་གཅོད་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལོས་ཀྲ་དབྱེ་ཡིས་ཀྱང་ཉིན་དེར་བསྟན་དོན། ཨ་མེ་རི་ཁས་སྔར་བཞིན་དབྱི་ལིང་གི་བདག་དབང་དང་རང་བཙན་ཁས་ལེན་བྱེད་འདོད་མེད། ཨ་མེ་རི་ཁའི་བཀག་འགོག་མདུན་ནས་དབྱི་ལིང་གིས་བློ་བརྟན་འགྱུར་མེད་ཀྱིས་ཕྱིར་རྒོལ་ལན་སྤྲད་ན་ད་གཟོད་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར། ཨ་མེ་རི་ཁས་དབྱི་ལིང་གིས་ཉེ་སྔོན་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པར་སྐྱོན་འཛུགས་བྱེད་བཞིན་ཡོད་པར་མ་ཟད། རྐྱེན་དེའི་དབང་གིས་དབྱི་ལིང་ལ་དཔལ་འབྱོར་བཀག་སྡོམ་གསར་དུ་བྱེད་པར་བསམ་བཞིན་ཡོད། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་རྒྱལ་སྲུང་བློན་ཆེན་ཏཱ་ཧི་ཀན་གྱིས་མུ་མཐུད་དུ་རིགས་སྣ་ཚོགས་ཀྱི་འཕུར་མདའ་ཐོན་སྐྱེད་བྱེད་དགོས་པའི་བཀའ་རྒྱ་བཏང་། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་ཕྱོགས་གཅིག་གི་ཁྲིམས་འགལ་གྱི་བྱ་སྤྱོད་ངན་པ་ཞིག་རེད་ཟེར། དབྱི་ལིང་དང་ཨ་མེ་རི་ཁའི་འཕུར་མདའི་འཆར་གཞིའི་ཐད་ཀྱི་རྩོད་གླེང་དེ་ཛ་དྲག་གི་དུས་སྐབས་སུ་གནས་ཡོད་ཅིང་། དབྱི་ལིང་གིས་ན་ནིང་ཟླ་བདུན་པར་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་བཀོད་དེ། ཉིང་རྡུལ་ནུས་པའི་འཆར་གཞི་མཚམས་བཞག་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་བཀག་སྡོམ་མེད་པར་བཟོས། ཕྱི་ཕྱོགས་ཀྱིས་ཚོད་དཔག་བྱས་ན། གལ་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་བདེ་བླག་ངང་ལག་བསྟར་བྱས་ན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་སྔར་ཡོད་ཀྱི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་དག་ད་ལོའི་ཟླ་དང་པོ་ནས་མེད་པར་བཟོ་བའི་རེ་བ་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།