ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ནས་བཟུང་ནས་ཡེ་མིན་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱས། མཉམ་འབྲེལ་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་རེ་བ་བཏོན་པ་ལྟར། མཉམ་འབྲེལ་དམག་དཔུང་གིས་ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་ནས་འཁྲུག་རྩོད་མཚམས་བཞག་པ་དང་། དམིགས་ཡུལ་ནི་ཆབ་སྲིད་ལ་བརྟེན་ནས་ཡེ་མིན་གྱི་འཁྲུག་རྩོད་ཐག་གཅོད་བྱས་ཏེ་ཞི་བའི་གྲོས་མོལ་ཐད་ཆ་རྐྱེན་བསྐྲུན་པའི་ཆེད་དུ་ཡིན་ཡང་། ཧུའུ་སེ་དྲག་ཆས་པ་དང་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧིའི་རྒྱབ་སྐྱོར་མཁན་གྱིས་ཡང་དང་བསྐྱར་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་ཏེ། སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སུ་འཕུར་མདའ་གཏོང་འཕེན་བྱས་པར་མ་ཟད། ཞོར་དུ་མཉམ་འབྲེལ་དམག་དཔུང་གིས་ཁོ་ཚོས་བཙན་བཟུང་བྱས་པའི་ཡེ་མིན་གྱི་གྲོང་ཁྱེར་དུ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པར་བར་ཆད་བཟོས་པ་དང་། བཙན་བཟུང་ས་ཁུལ་གྱི་ཡེ་མིན་མི་དམངས་འཛིན་བཟུང་དང་དམར་གསོད་བཏང་བ་རེད། དེ་ལས་ཧུའུ་སེ་དྲག་ཆས་པ་དང་སཱ་ལེ་ཧིའི་རྒྱབ་སྐྱོར་མཁན་གྱིས་འཁྲུག་རྩོད་མཚམས་འཇོག་པ་དང་ཞི་བའི་གྲོས་མོལ་བྱེད་པར་ལྷག་བསམ་རྣམ་དག་བཅངས་མེད་ལ། འཁྲུག་རྩོད་མཚམས་བཞག་པའི་གོ་སྐབས་བེད་སྤྱད་དེ་རང་ཉིད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་ཅི་ཐུབ་བྱེད་བཞིན་ཡོད་པ་ར་སྤྲོད་བྱེད་ཐུབ་ཟེར། ཧུའུ་སེ་དྲག་ཆས་པས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར་དྲག་ཤུགས་ལ་བརྟེན་ནས་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་འཕྲོག་ལེན་བྱས་པ་དང་། དེའི་རྗེས་སུ་ལྷོ་ཕྱོགས་ས་ཁུལ་བཙན་བཟུང་བྱས་ཏེ། ཙུང་ཐུང་ཧཱ་ཏིས་སོ་ཏི་ཨ་རབ་ཏུ་བྲོས་བྱོལ་མི་བྱེད་ཐབས་མེད་དུ་གྱུར། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སེ་དྲག་ཆས་པར་གཅིག་ཆོད་དྲག་རླུང་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ་བ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།