ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སོ་ཏི་ཨ་རབ་ནང་སྲིད་པུའུ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉིན་དེར་རྒྱལ་ཡོངས་ནས་འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་བཟོས་པའི་བཙོན་མ་ཞེ་བདུན་ལ་སྲོག་ཁྲིམས་བཅད་ཟེར། སོ་ཏི་ཨ་རབ་ནང་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་ལན་ཆོས་ལུགས་ཀྱི་ཆོས་སྲོལ་དང་འགལ་ཞིང་། ཆོས་ལུགས་ཕྱོགས་ཁག་བར་གྱི་སྡང་སེམས་དང་དྲག་ཤུགས་ལ་ངན་སྐུལ་བྱས་ཏེ། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་གཏོར་བརླག་བཏང་བའི་མི་ཞེ་བདུན་པོ་དེར་སོ་ཏི་ཨ་རབ་ཀྱི་ཆེས་མཐོའི་ཁྲིམས་ཁང་དང་རྒྱལ་བོ་སཱ་ལེ་མན་གྱིས་ཆོག་མཆན་བཀོད་པ་བརྒྱུད། ཉེས་ཅན་དེ་དག་ཉིན་དེར་རྒྱལ་ས་ལེ་ཡཱ་ཏི་དང་མེད་ཅཱ་ཞིང་ཆེན། མེད་ཏིས་ནཱ་ཞིང་ཆེན། ཤར་ཕྱོགས་ཞིང་ཆེན་སོགས་ས་ཁུལ་ནས་ཁྲིམས་ལ་སྦྱར་ཟེར། སོ་ཏི་ཨ་རབ་ནང་སྲིད་པུའུ་ཡིས་ད་རུང་བཤད་རྒྱུར། སྲོག་ཁྲིམས་བཅད་པའི་བཙོན་མ་ཞེ་བདུན་པོ་མང་ཆེ་བ་ཉིས་སྟོང་གསུམ་ལོ་ནས་ཉིས་སྟོང་དྲུག་ལོའི་བར་རྟེན་གཞི་རྩ་འཛུགས་ཀྱིས་ཇུས་འགོད་དང་སྐུལ་སློང་བྱས་པའི་འཇབ་རྒོལ་དོན་རྐྱེན་ལ་ཞུགས་མྱོང་བ་དང་། ཨེ་ཅིབ་ཀྱི་མི་གཅིག་དང་ཀྲ་ཏིའི་མི་གཅིག་ཡོད་པ་ལས་གཞན་ཚང་མ་སོ་ཏི་ཨ་རབ་ཀྱི་མི་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།